མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྥི་ཅིའི་ཙུང་ལི་མུའུ་པའེ་ཉི་མཱ་ལ་མཱ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་18ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཧྥི་ཅིའི་ཙུང་ལི་མུའུ་པའེ་ཉི་མཱ་ལ་མཱ་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཕེབས་པའི་ཧྥི་ཅིའི་ཙུང་ལི་མུའུ་པའེ་ཉི་མཱ་ལ་མཱ་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་ཧྥི་ཅི་ནི་ཀྲུང་གོ་གསར་པ་དང་འབྲེལ་བ་འཛུགས་སྔ་ཤོས་ཀྱི་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཅིག་རེད། 2014ལོར་རྒྱལ་ཁབ་གཉིས་པོའི་དབར་ཕན་ཚུན་བརྩི་འཇོག་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པས། ཀྲུང་ཧྥིའི་འབྲེལ་བ་མཐོ་ཚད་གསར་པའི་ཐོག་སླེབས་ཡོད། མིག་སྔར་ཀྲུང་ཧྥི་རྒྱལ་ཁབ་གཉིས་དབར་གྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་དང་། དངོས་སྒྲུབ་མཉམ་ལས་ཉིན་རེ་བཞིན་རྒྱ་ཆེ་རུ། མི་ཆོས་སྤེལ་རེས་སྔར་བས་དམ་ཟབ་ཏུ་བཅས་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ཅི་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་འདོད་ཡོད་ཅེས་གསུངས།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་རང་སོ་སོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕན་ཚུན་མུ་མཐུད་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ཅི་དང་ཚོང་དོན་དང་། མ་འཇོག ཞིང་ལས་ལག་རྩལ། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཧྥི་ཅིར་མ་འཇོག་ལས་གཉེར་བྱེད་པར་སྐྱོད་པ་དང་ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བ་ཧྥི་ཅིར་ཡུལ་སྐོར་བྱེད་པར་བསྐྱོད་རྒྱུར་ལྕག་སྐུལ་བྱེད་འདོད་ཡོད།
         མུའུ་པའེ་ཉི་མཱ་ལ་མཱ་ཡིས་ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཐུགས་གྲ་ལེགས་འགྲིག་གིས་གཉེར་ཐུབ་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཧྥི་ཅི་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་སྒྲོམ་གཞིའི་ནང་མཉམ་ལས་བྱ་རྒྱུའི་རེ་སྒུག་ཞུ་བཞིན་ཡོད། ཧྥི་ཀྲུང་དབར་འབྲེལ་བ་བཙུགས་ནས་ལོ་42སོང་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཡག་པོ་རྒྱུན་འཁྱོངས་བྱུང་ཡོད། ཧྥི་ཅི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་ཞུ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་དང་ཉོ་ཚོང་དང་། ཞིང་ལས། རྨང་གཞིའི་སྒྲིག་བཀོད། མི་ཆོས་ཁྱབ་ཁོངས་བཅས་དབར་སྤེལ་རེས་མཉམ་ལས་གཏིང་ཟབ་བྱས་ནས་གནམ་གཤིས་འགྱུར་ལྡོག་དང་རྒྱུན་མཐུད་འཕེལ་རྒྱས་སོགས་གོ་ལ་ཧྲིལ་པོའི་གནད་དོན་ཐད་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་འདོད་ཡོད་ཅེས་གསུངས།