མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སི་རི་ལན་ཁའི་ཙུང་ལི་ཝེ་ཁེ་ལེ་མ་ཤིན་ཧ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་18ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་སི་རི་ལན་ཁའི་ཙུང་ལི་ཝེ་ཁེ་ལེ་མ་ཤིན་ཧ་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཆེ་མོར་ཀྲུང་གོར“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཕེབས་པའི་སི་རི་ལན་ཁའི་ཙུང་ལི་ཝེ་ཁེ་ལེ་མ་ཤིན་ཧ་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་སི་རི་ལན་ཁར་ཕྱོགས་པའི་ཀྲུང་གོའི་མཛའ་མཐུན་སྲིད་ཇུས་ནི་ཡུན་རིང་འཐབ་ཇུས་རང་བཞིན་གྱི་གདམ་ག་ཞིག་ཡིན། འདི་ལོ་ནི་ཀྲུང་སི་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་60འཁོར་བ་དང་《འབྲས་འགྱིག་གྲོས་ཆོད་》ལ་མིང་རྟགས་བཀོད་ནས་ལོ་65འཁོར་བའི་ལོ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་དང་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་སི་རི་ལན་ཁ་ཕྱོགས་ཀྱིས་རྒྱལ་ཁབ་མཐུན་སྒྲིལ་དང་ཞི་བདེར་སྲུང་སྐྱོང་དང་། མི་རིགས་ཞི་བས་མཐུན་འགྲིག དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཅས་ལ་འབད་བརྩོན་བྱེད་པར་རྒྱབ་སྐྱོར་ཞུ་བཞིན་ཡིན། ང་ཚོས་སི་རི་ལན་ཁ་ཕྱོགས་དང་མཉམ་དུ་ཀྲུང་སི་རྒྱལ་ཁབ་གཉིས་པོའི་དབར་གྱི་མཛའ་གྲོགས་ཀྱི་རྒྱུན་བསྐྱངས་ཏེ་ཀྲུང་སི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་སི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཟབ་ཏུ་གཏོང་ཆེད་ཕྱོགས་གཉིས་ཀྱིས་མཐོ་རིམ་འགྲོ་འོང་ཁྲིད་སྟོན་དུ་བྱས་ནས་ཀྲུང་སིའི་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བའི་རྩེ་རིམ་ཇུས་འགོད་དང་སྲིད་ཇུས་ཀྱི་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ལ་འཛིན་པའི་ལངས་ཕྱོགས་ལ་མཐུན་སྦྱོར་བྱེད་དགོས། རྣམ་གྲངས་ཆེན་པོའི་མཉམ་ལས་སྣེ་ཁྲིད་དུ་བྱེད་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། རྒྱ་མཚོ། མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་སྒྲིག་ཆས་སྦྲེལ་མཐུད་ཡོང་བ་བྱེད་དགོས། ཀྲུང་སིའི་རང་མོས་ཚོང་དོན་ཁུལ་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་ཕྱོགས་གཉིས་ཀྱི་ཚོང་དོན་དོ་སྙོམས་དང་རྒྱུན་མཐུད་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་མ་འཇོག་སྟབས་བདེ་ཅན་གྱི་བརྒྱུད་རིམ་མགྱོགས་སུ་བཏང་སྟེ་ཚོང་དོན་ཤར་གཏོང་དང་མ་དངུལ་རྒྱུན་འཁོར་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཝེ་ཁེ་ལེ་མ་ཤིན་ཧ་ཡིས་མཇུག་འགྲིལ་མ་ཐག་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱིས་རྒྱལ་ཁབ་དང་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞི་མང་པོ་ཧུར་ཐག་ཞུགས་རྒྱུའི་ཡིད་དབང་བཀུག་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་ངས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སི་རི་ལན་ཁས་ཀྲུང་གོ་དང་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུར་གཞོལ་ནས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཁག་གི་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ་ཀྲུང་གོ་སི་རི་ལན་ཁའི་བཟོ་ལས་ཅན་གྱི་འཕེལ་རིམ་དང་ལྷག་དོན་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཞུགས་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།