མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ལི་ཀྲེན་ཏི་ལུའོ་ཉི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་18ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ལི་ཀྲེན་ཏི་ལུའོ་ཉི་དང་མཇལ་འཛོམས་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཕེབས་པའི་དབྱི་ཐ་ལིའི་ཙུང་ལི་ཀྲེན་ཏི་ལུའོ་ཉི་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་དབྱི་རྒྱལ་ཁབ་གཉིས་པོ་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་པ་དང་གནའ་བོའི་དར་གོས་ལམ་བུས་རྒྱལ་ཁབ་གཉིས་པོ་དམ་པོར་འབྲེལ་ནས་ཤར་ནུབ་ཤེས་དཔལ་སྤེལ་རེས་དང་སློབ་སྦྱོང་གི་སྦྲེལ་ཟམ་ཞིག་བརྒྱབ་ཡོད། ད་ཕན་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་འཚམས་འདྲི་ཡང་ཡང་དང་རིམ་པ་ཁག་གི་མི་སྣའི་དབར་འགྲོ་འོང་ཟབ་མོ་བྱས་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ཧ་ཅང་མང་པོ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་དབྱིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཀྲུང་དབྱི་རྒྱལ་ཁབ་གཉིས་པོ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོངས་མི་གལ་ཆེན་ཡིན་པས་ཕྱོགས་གཉིས་པོས་མཐོ་རིམ་དབར་སྤེལ་རེས་བྱེད་པའི་རྣམ་པ་རྒྱུན་འཁྱོངས་ཀྱིས་སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་། ས་གནས་སོགས་དབར་སྤེལ་རེས་དམ་ཟབ་བྱེད་དགོས། ཀྲུང་དབྱིའི་2017ལོ་ནས་2020ལོ་བར་གྱི་མཉམ་ལས་བྱ་སྤྱོད་འཆར་གཞི་དོན་འཁྱོལ་ཡག་པོ་བྱས་ནས་ཕྱོགས་གཉིས་དབར་མ་འཇོག་རྒྱ་ཆེར་གཏོང་བ་དང་ཐོན་ལས་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་དྲ་ཐོག་ཚོང་དོན་དང་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱི་གྲུ་ཁ་དང་། གྲུ་གཟིངས་བཟོ་བ། མཚོ་ཐོག་སྐྱེལ་འདྲེན་བཅས་ཀྱི་མཉམ་ལས་ལ་རྒྱབ་སྐྱོར་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་ཡོངས་དང་། གཏིང་ཟབ། ཁྱབ་རྒྱ་ཆེ་བ་བཅས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་རྣམ་པ་ཞིག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
          ཀྲེན་ཏི་ལུའོ་ཉིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཐུགས་གྲ་ལེགས་འགྲིག་བྱུང་བར་རྟེན་འབྲེལ་ཞུ་རྒྱུ་ཡིན། ད་ཐེངས་ཀྱི་ཚོགས་འདུའི་ཐོག་སྒོ་དབྱེའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་ལ་སྐུལ་འདེད་གཏོང་བའི་ཐད་ཧ་ཅང་དགེ་མཚན་ལྡན་པའི་ཆ་འཕྲིན་སྤེལ་ཡོད། དབྱི་ཐ་ལི་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་སྒྲོམ་གཞིའི་འོག་གི་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་མཉམ་ལས་ནང་ཞུགས་འདོད་ཡོད། ལོ་མང་རིང་། དབྱི་ཀྲུང་འབྲེལ་བ་འཕེལ་རྒྱས་ཡག་པོ་བྱུང་ཡོད། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱེད་ལ། ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ་དཔལ་འབྱོར་དང་། ལག་རྩལ། ཞིང་ལས། འཕྲོད་བསྟེན། སློབ་གསོ། རིག་གནས། ཡུལ་སྐོར། ཁེ་ལས་འབྲིང་ཆུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་རྒྱུ་ཡིན་ཞེས་གསུངས་པ་རེད།