མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ལོ་སི་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་
ཀྱི་ཀྲུའུ་ཞི་པིན་དབྱང་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་18ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ལོ་སི་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་
ཀྱི་ཀྲུའུ་ཞི་པིན་དབྱང་དང་གྲོས་མོལ་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་16ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཀྲུང་གོར“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཕེབས་པའི་ལོ་སི་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་དབྱང་དང་གྲོས་མོལ་གནང་བ་དང་འབྲེལ“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་གོ་སྐབས་སུ་བཟུང་ནས་གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བ་དང་གཉིས་ཁེའི་འཕེལ་རྒྱས་ཡོང་ཐབས་བྱས་ནས་ཀྲུང་ལོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས་ཞེས་གཅིག་མཐུན་ཐོག་གསུངས་པ་རེད།
          ཞི་ཅིན་ཕིང་གིས་པིན་དབྱང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ནང་ཞུགས་པ་དང་འབྲེལ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་། ལོ་སི་ཕྱོགས་དང་ལྷག་པར་དུ་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གོ་ཕྱོགས་ཀྱིས་གླེང་སྟེགས་གཉེར་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ན་ནིང་ང་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཐུག་འཕྲད་ཐེངས་གཉིས་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་སྤེལ་རེས་གཏིང་ཟབ་བྱས་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་གོང་གསལ་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དག་དོན་འཁྱོལ་བྱུང་ནས་ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐུབ་བཞིན་ཡོད་པས་ང་རང་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་། ལོ་སི་ཕྱོགས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན། “རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་རྒྱུ་གོ་སྐབས་སུ་བཟུང་ནས་ལོ་སི་དང་གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བ་དང་གཉིས་ཁེ་འཕེལ་རྒྱས་ཡོང་ཐབས་བྱས་ཏེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཀྲུང་ལོ་རྒྱལ་ཁབ་གཉིས་ནི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་རེད། ཕྱོགས་གཉིས་པོས་ཀྲུང་ལོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ་ཐུབ་པ་བྱས་ནས་ཀྲུང་ལོ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཡུན་རིང་སྐྱོན་བྲལ་དང་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དང་ལྷག་པར་དུ་ཆེས་མཐོའི་འགོ་ཁྲིད་མི་སྣའི་དབར་གྱི་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ནས་དུས་ཐོག་ཏུ་ཕྱོགས་གཉིས་པོའི་འབྲེལ་བའི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་སྣེ་ཁྲིད་དང་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་དགོས། ངས་སྤྱི་ཁྱབ་ཧྲུའུ་ཅི་པིན་དབྱང་དང་ལྷན་དུ་སྲོལ་རྒྱུན་གྱི་ལོ་འཁོར་མཇལ་འཛོམས་རྒྱུན་འཁྱོངས་བྱེད་འདོད་ཡོད་ལ་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་རྟག་ཏུ་ཀྲུང་གོར་ཕེབས་རྒྱུར་དགའ་བསུ་ཡང་ཞུ་རྒྱུ་ཡིན། ཏང་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་ཁྲིམས་འཛིན་གྱི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཕྱོགས་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་འཆར་འགོད་རྩ་གནད་ལ་མིང་རྟགས་འགོད་རྒྱུ་གོ་སྐབས་སུ་བཟུང་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དམ་ཟབ་ཡོང་བ་བྱས་ཏེ་གཙོ་གནད་མཉམ་ལས་རྣམ་གྲངས་ནང་གཞོགས་འདེགས་དམ་ཟབ་བྱས་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས། རྒྱལ་སྤྱིའི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་འབྲེལ་བའི་ཁྱོན་ཡོངས་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
           པིན་དབྱང་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཐོ་རིམ་གླེང་སྟེགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་དེ་ལས་ཡོ་རོབ་ཕན་ཚུན་སྦྲེལ་མཐུད་དང་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་ནུས་ལྡན་ཐུབ་ནས་ལོ་སིའི་འཕེལ་རྒྱས་ལ་གོ་སྐབས་དེ་བས་མང་བ་ཐོབ་རྒྱུའི་ཡིད་ཆེས་ཡོད། ལོ་སི་ཕྱོགས་ཀྱིས་ལོ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་སྒྲོམ་གཞིའི་འོག་ཕྱོགས་གཉིས་པོའི་རྣམ་གྲངས་གལ་ཆེན་གྱི་མཉམ་ལས་འཕེལ་རྒྱས་ལ་བློ་ཡིད་ཚིམ་པོ་བྱུང་། ཏང་གཉིས་ཀྱི་འགོ་ཁྲིད་མི་སྣའི་དབར་འགྲོ་འོང་དམ་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་དང་ལས་བྱེད་པའི་སྤེལ་རེས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་དང་། ཉོ་ཚོང་། མ་འཇོག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དེ་བཞིན་ས་གནས་སོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཙམ་མ་ཟད། ཐ་ན་ས་ཁུལ་འདི་གའི་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།