མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་བཙུགས་ནས་
ལོ་40འཁོར་བར་བཀྲ་ཤིས་བདེ་ལེགས་ཞུས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་19ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་17ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་བཙུགས་ནས་ལོ་40འཁོར་བར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་པ་རེད།
         ཞི་ཅིན་ཕིང་གི་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་ནང་ལོ་བཞི་བཅུའི་རིང་ཏང་གི་འགོ་ཁྲིད་འོག་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་དུས་རབས་དང་བསྟུན་ནས་འཕེལ་རྒྱས་དང་མི་དམངས་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱིས་མདུན་སྐྱོད་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་འཐབ་ས་ཧུར་ཐག་བསྐྲུན་པ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་ཞབས་ཞུའི་བསམ་བློའི་བང་མཛོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པའི་ཐོག་རྒྱུན་ཆད་མེད་པར་གྲུབ་འབྲས་བཏོད་པ་དང་ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་རྒྱུ་དང་རང་རྒྱལ་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གྲ་རྒྱས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ནི་རིགས་པའི་གཞུང་ལུགས་དང་ལག་ལེན་ཉིས་བརྩེགས་ཀྱི་འཚོལ་ཞིབ་ཅིག་རེད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་བློ་མཐུན་ཚོ་དང་རྒྱ་ཆེའི་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་ལས་དོན་པ་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུར་དམ་པོར་དམིགས་ཏེ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མཐའ་འཁྱོངས་དང་། “མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང”གི་བྱེད་ཕྱོགས་ལག་བསྟར། མི་དམངས་ཆེད་ཡོན་ཏན་སྦྱོང་བའི་འདུ་ཤེས་མཐའ་འཁྱོངས། རང་རྒྱལ་གྱི་སྒྱུར་འཕེལ་བརྟན་གསུམ་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱ་རྒྱུ་གཙོ་རྒོལ་ཁ་ཕྱོགས་སུ་བྱེད་པ། དུས་རབས་ཀྱི་རླབས་རྒྱུན་ལ་གཞིགས་པ། གནའ་དེང་གི་འགྱུར་ལྡོག་ཤེས་པ། གཞུང་ལུགས་སྔོན་ལ་བཏོད་པ། ཀྲུང་གོའི་རིག་གཞུང་དར་རྒྱས་གཏོང་བ། ཀྲུང་གོའི་རིགས་པའི་གཞུང་ལུགས་འཕེལ་རྒྱས་གཏོང་བ། ཀྲུང་གོའི་བསམ་བློ་བརྒྱུད་བསྒྲགས་བཅས་བྱས་ཏེ་དུས་རབས་ཉེར་གཅིག་པར་མར་ཁེ་སི་རིང་ལུགས་དང་དེང་སྐབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རིག་ཚན་མ་ལག་དང་། རིག་གཞུང་མ་ལག སྐད་ཡིག་མ་ལག་བཅས་བསྐྲུན་པ། རང་རྒྱལ་གྱི་མཚན་ཉིད་དང་སྤྱི་ཚོགས་ཚན་རིག་གི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།