མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ལུའུ་ཧ་ཉི་སླར་ཡང་དབྱི་རན་གྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་གློག་
འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་22ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་20ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་ལུའུ་ཧ་ཉིར་གློག་འཕྲིན་བཏང་གནང་ནས་ཁོང་སླར་ཡང་དབྱི་རན་དབྱི་སི་ལམ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
         ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་འདས་ཟིན་པའི་ལོ་བཞིའི་རིང་སྐུ་ཞབས་ཙུང་ཐུང་གི་འགོ་ཁྲིད་འོག་དབྱི་རན་གྱི་དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ཕྱོཌ་གཉིས་པོའི་ཐུན་མོང་འབད་འཐབ་འོག་ཀྲུང་དབྱི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་ཡོད། ན་ནིང་ཟླ་དང་པོར་ངས་དབྱི་རན་དུ་རྒྱལ་དོན་འཚམས་འདྲི་བྱེད་སྐབས་སྐུ་ཉིད་དང་མཇལ་འཛོམས་ཟབ་མོ་གནང་ནས་ཀྲུང་དབྱི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཐད་ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱུང་ཡོད། རྒྱལ་ཁབ་གཉིས་པོས་ཕྱོཌ་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲཌ་དངོས་སུ་བྱས་པ་རེད། ངས་ཀྲུང་དབྱི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཇེ་ཟབ་ཏུ་འགྲོ་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། སྐུ་ཉིད་དང་ལྷན་དུ་འབད་འཐབ་བྱས་ནས་ཀྲུང་དབྱི་རྒྱལ་ཁབ་གཉིས་པོའི་རོགས་ཟླའི་འབྲེལ་བ་ཇེ་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་འཁོད་ཡོད་པ་རེད།