མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེ་དང་དར་རྒྱས་སྐོར་གླེང་བ་》ཞེས་པ་དམག་
ཡོངས་ལ་པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཐོན་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་ཞི་ཀྲུའུ་ཞིའི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཐད་ཀྱི་རྣམ་བཤད་གལ་ཆེན་ཇི་མ་ཇི་བཞིན་དང་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་ཐུབ་རྒྱུར་རོགས་རམ་བྱས་ཏེ་སྲོག་ཤིང་ལ་ལྷག་བསམ་རྣམ་དག་དང་། སྲོག་ཤིང་ལ་གོང་བཀུར། སྲོག་ཤིང་སྲུང་སྐྱོང་བཅས་ཀྱི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ནས་སྔར་ལས་ལེགས་པའི་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་། བློ་སྦྱོང་ལ་ཤུགས་སྣོན། ལས་དོན་ལ་མཛུབ་ཁྲིད་བཅས་ཀྱི་ཆེད་ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་དམག་ཨུད་ཆབ་སྲིད་ལས་དོན་པུས་《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེ་དང་དར་རྒྱས་སྐོར་གླེང་བ་》(ཐོན་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་སྤྱོད་རྒྱུ)ཞེས་པ་རྩོམ་སྒྲིག་པར་འདེབས་སྒྲིག་འཛུགས་བྱས་པ་དང་། ཉེ་ཆར་བཅིངས་འགྲོལ་དམག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་དམག་ཡོངས་ཀྱི་ཐོན་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པར་བཀྲམ་པ་རེད།
         དཔེ་དེབ་ཆ་ཚང་ནང་ཚད་ལྡན་ཡིག་ཆ་ཕྱོགས་སྒྲིག་གི་རྣམ་པའི་ཐོག་ནས་དུས་ཚོད་ཀྱི་གོ་རིམ་བཞིན་བསྒྲིགས་པ་དང་། དེའི་ནང་2012ལོའི་ཟླ་11པ་ནས་2017ལོའི་ཟླ་4པའི་བར་གྱི་ཞི་ཀྲུའུ་ཞིའི་རྩོམ་ཟིན་གལ་ཆེན་ཁག་67བསྡུས་ཡོད་པ། དེ་ཐོག་ནས་ཞི་ཀྲུའུ་ཞིའི་དམག་དཔུང་སྟོབས་ཆེ་དང་དར་རྒྱས་ཀྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་། རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན། ཐབས་ཇུས་བཀོད་སྒྲིག་གལ་ཆེན་བཅས་རབ་དང་རིམ་པ་གཅིག་སྡུད་ཐོག་མངོན་ཡོད་པ་རེད། 《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེ་དང་དར་རྒྱས་སྐོར་གླེང་བ་》(ཐོན་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་སྤྱོད་རྒྱུ)སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱེད་རྒྱུ་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སྔར་བས་སློབ་སྦྱོང་གཏིང་ཟབ་བྱས་ནས་ཞི་ཀྲུའུ་ཞིའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་ནང་འདུས་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་སྔར་བས་བྱང་ཆུབ་པའི་ངང་ཁོང་དུ་ཆུད་པ་བྱས་ཏེ་འགོ་འཛུགས་ས་གསར་པའི་ཐོག་ནས་དམག་དཔུང་སྟོབས་ཆེའི་བྱ་གཞག་ལ་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་རྒྱུའི་ངོས་ནས་བརྗོད་ཚེ་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད་པ་རེད།
          དམག་ཨུད་ཆབ་སྲིད་ལས་དོན་པུས་ཉེ་ཆར་བརྡ་ཐོ་བཏང་ནས་དམག་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེ་དང་དར་རྒྱས་སྐོར་གླེང་བ་》(ཐོན་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་སྤྱོད་རྒྱུ)སློབ་སྦྱོང་བྱེད་རྒྱུ་སྒྲིག་འཛུགས་ནན་ཏན་བྱེད་དགོས། 《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེ་དང་དར་རྒྱས་སྐོར་གླེང་བ་》(ཐོན་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་སྤྱོད་རྒྱུ)པར་འགྲེམས་བྱེད་རྒྱུ་གོ་སྐབས་སུ་བཟུང་ནས་སློབ་སྦྱོང་ལག་བསྟར་གྱི་ཚ་རླབས་རྒྱུན་མཐུད་འཕྱུར་བ་བྱས་ནས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་། དད་སེམས་བློ་ལ་བཅངས་ནས་སློབ་སྦྱོང་བྱེད་པ། ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་མ་ལག་ཁོང་དུ་ཆུད་པ་དང་། སློབ་སྲོལ་ལེགས་བཅོས། སྲོག་ཤིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྣེ་ཁྲིད་བཅས་ཀྱི་ཐད་ཤུགས་བརྒྱབ་ནས་ཕན་འབྲས་ཐོན་པ་བྱེད་དགོས། སློབ་སྦྱོང་ལག་བསྟར་གྱི་སྤྱི་ཡོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན་ལ་ཤུགས་སྣོན་བརྒྱབ་ནས་《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེ་དང་དར་རྒྱས་སྐོར་གླེང་བ་》(ཐོན་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་སྤྱོད་རྒྱུ)དང་《ཞི་ཀྲུའུ་ཞིའི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་ཀློག་དེབ་(2016ལོའི་པར་གཞི)》ཟུང་འབྲེལ་སློབ་སྦྱོང་བྱས་ཏེ་མ་རྩོམ་ཀློག་པ་དང་། མ་རྩོམ་སློབ་སྦྱོང་། རྩ་བའི་རིགས་པ་གསལ་རྟོགས་བཅས་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་སློབ་སྦྱོང་དང་། གནད་དོན་བསམ་བཞིན་སློབ་སྦྱོང་། རྒྱུན་ཆད་མེད་པར་སློབ་སྦྱོང་བཅས་བྱས་ཏེ་བརྒྱུད་རིམ་ལྡན་པའི་སློབ་སྦྱོང་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་ནང་དོན་ཆ་ཚང་གསལ་རྟོགས་དང་། གོ་བ་གཏིང་ཟབ་བླངས་ནས་ནང་གནས་གཏན་ཚིགས་སློབ་སྦྱོང་ཡག་པོ། ཞིབ་འཇུག་གཏིང་ཟབ་ཀྱིས་ཚན་རིག་དང་མཐུན་པའི་ཐབས་ཤེས་ཁོང་དུ་ཆུད་པ་བཅས་བྱས་ཏེ་གོ་དོན་མཐིལ་རྟོགས་ཐུབ་པ་བྱེད་དགོས། རིམ་ཁག་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་དང་། ལས་བྱེད་པར་རིགས་པའི་གཞུང་ལུགས་རེས་མོས་གསོ་སྦྱོང་། དཔུང་སྡེའི་བསམ་བློ་ཆབ་སྲིད་སློབ་གསོ་དང་སློབ་གླིང་དང་སློབ་གྲྭར་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་སློབ་ཁྲིད་བཅས་བྱེད་དགོས་པ་དང་ལྷག་དོན་དུ་ད་ལྟ་སྤེལ་བཞིན་ཡོད་པའི་སྲོག་ཤིང་སྲུང་སྐྱོང་གིས་བཀོད་འདོམས་ལ་ཉན་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་དང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེ་དང་དར་རྒྱས་སྐོར་གླེང་བ་》(ཐོན་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པར་སྤྱོད་རྒྱུ)སློབ་སྦྱོང་བྱེད་རྒྱུ་དེ་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་དམག་ཡོངས་ཀྱི་དཔོན་དམག་གིས་ཞི་ཀྲུའུ་ཞིའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་སྔར་ལས་ལེགས་པའི་ངང་སློབ་སྦྱོང་བྱེད་རྒྱུར་ཁྲིད་སྟོན་བྱས་ཏེ་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་གྱིས་དམག་དཔུང་སྟོབས་ཆེའི་དམིགས་ཚད་མངོན་འགྱུར་དང་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་གཏོད་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།