མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《སྤྱི་ཚོགས་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱས་ནས་
རིམ་མང་སྣ་མང་ཅན་གྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱ་རྒྱུའི་སྐོར་གྱི་
བསམ་འཆར་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་25ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《སྤྱི་ཚོགས་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱས་ནས་རིམ་མང་སྣ་མང་ཅན་གྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱ་རྒྱུའི་སྐོར་གྱི་བསམ་འཆར་》(གཤམ་ལ་《བསམ་འཆར་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད།
         《བསམ་འཆར་》ནང་བཏོན་དོན། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས། སྣ་མང་ཅན་དང་། ཧེ་བག་ཅན། རང་གཤིས་ཅན་བཅས་ཀྱི་བདེ་ཐང་གི་དགོས་མཁོ་ཡང་མུ་མཐུད་ཆེ་རུ་འགྲོ་བཞིན་ཡོད། སྲིད་གཞུང་གི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་གྱི་དགོས་མཁོ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་སྨན་བཅོས་ཁྱབ་ཁོངས་ཀྱི་སྤྱི་ཚོགས་ཀྱི་མ་འཇོག་གསོན་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་སྨན་ཁང་གཉེར་བའི་སྤྱི་ཚོགས་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱས་ཏེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱས་ནས་རིམ་པ་མང་པོ་དང་སྣ་མང་ཅན་གྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་དགོས། 2020ལོར་སླེབས་སྐབས་སྤྱི་ཚོགས་སྟོབས་ཤུགས་ཀྱིས་སྨན་ཁང་གཉེར་བའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་བ་དང་། སྨན་བཅོས་ལག་རྩལ་དང་། ཞབས་ཞུའི་སྤུས་ཚད། སྤུས་རྟགས་ཀྱི་སྙན་གྲགས་ཆོད་ཚད་བཅས་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། ཞབས་ཞུའི་འགྲན་རྩོད་ནུས་པ་ཅུང་ཆེ་བའི་སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བའི་སྒྲིག་གཞི་འབོར་ཆེན་ཞིག་གཏོད་པ་བཅས་བྱས་ནས་ཞབས་ཞུའི་མཁོ་སྤྲོད་ཀྱིས་རྒྱལ་ནང་གི་དགོས་མཁོ་གཞི་རྩའི་ཆ་ནས་སྐོང་རྒྱུའི་བརྩོན་ལེན་བྱེད་དགོས།
          《བསམ་འཆར་》ནང་། སླད་ཕྱིན་དུས་སྐབས་ཤིག་རིང་སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བའི་ལས་དོན་འཕེལ་རྒྱས་གཏོང་བའི་ལས་འགན་གཙོ་བོ་དང་སྲིད་ཇུས་བྱེད་ཐབས་ཁ་གསལ་སྟོན་ཞིང་། གཅིག་ནས་སྤྱི་ཚོགས་ལ་སྨན་ཁང་གཉེར་རྒྱུར་རྒྱབ་སྐྱོར་བྱས་ཏེ་རིམ་པ་མང་པོ་དང་སྣ་མང་ཅན་གྱི་ཞབས་ཞུ་རྒྱ་ཆེར་གཏོང་བ་དང་། མཁོ་ཆོད་སྨན་བཅོས་ཞབས་ཞུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཆེད་ལས་ཅན་གྱི་ཞབས་ཞུ་འཕེལ་རྒྱས་མགྱོགས་པོ་གཏོང་བ། ཀྲུང་ལུགས་གསོ་རིག་སྨན་བཅོས་ཞབས་ཞུ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ། འཐབ་ཕྱོགས་མདུན་མའི་སྨན་བཅོས་ཞབས་ཞུ་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་གཏོང་བ། རང་གཤིས་ཅན་གྱི་སྨན་བཅོས་ཞབས་ཞུ་འཕེལ་རྒྱས་ཧུར་ཐག་གཏོང་བ། ལས་རིགས་མང་པོའི་མཉམ་འདྲེས་ཞབས་ཞུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁྱད་ཆོས་དང་བདེ་ཐང་ལྡན་པའི་ཞབས་ཞུའི་ཐོན་ལས་གཅིག་སྡུད་ཁུལ་འཚོལ་ཞིབ་བྱས་ནས་འཕེལ་རྒྱས་གཏོང་དགོས་པ་དང་། གཉིས་ནས་ཁྲོམ་རའི་སྒོ་འབྱེད་སྔར་བས་རྒྱ་ཆེར་གཏོང་བ་དང་། ཁྲོམ་རའི་འཇུག་འཐུས་ལྷུག་ཏུ་གཏོང་བ། ཞིབ་མཆན་འགོད་པའི་ཞབས་ཞུ་སྟབས་བདེ་རུ་དང་ལེགས་སུ་གཏོང་བ། མ་འཇོག་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པ། གསུམ་ནས་སྤྱི་ཚོགས་ལ་སྨན་ཁང་གཉེར་བའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་ཤུགས་ཐོན་ཁུངས་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། འགན་བཅོལ་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་གཏོང་བ། སྨན་དང་སྨན་བཅོས་ཀྱི་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ། ནོར་ཁྲལ་དང་མ་རྩ་མཉམ་འདྲེས་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ས་སྤྱོད་འགན་སྲུང་ལ་ལུགས་དང་མཐུན་པའི་སྒོ་ནས་ཤུགས་སྣོན་རྒྱག་དགོས་པ། བཞི་ནས་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་དང་ལས་རིགས་རང་གཅུན་ནན་པོ་བྱེད་པ། དོ་དམ་ལམ་ལུགས་དང་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ། ལས་རིགས་ཡོངས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་ཡིད་རྟོན་གཉེར་སྐྱོང་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་རེད།