མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱིས“རིག་གནས་ཀྱི་གདེང་ཚོད་ཆེ་རུ་བཏང་ནས་ཀྲུང་གོའི་གཏམ་རྒྱུད་
ཡག་པོ་ཤོད་པའི”ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་25ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་23ཉིན་པེ་ཅིང་དུ་རྒྱལ་ཡོངས་སྲིད་གྲོས་ཀྱིས“རིག་གནས་ཀྱི་གདེང་ཚོད་ཆེ་རུ་བཏང་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པའི”ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ལིའུ་ཆི་པའོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
        ཨུ་ཡོན་30དང་ས་གནས་ཀྱི་འཐུས་མི་དང་། རིགས་གཅིག་མཁས་ཅན། མཁས་དབང་བཅས་ཀྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་བཏང་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་རྒྱུའི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཧོང་ཁུན་མིང་གིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཐིང་དང་། སློབ་གསོ་པུའུ། རིག་གནས་པུའུ། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་ཨུ་ཡོན་དབར་ཕན་ཚུན་སྤེལ་རེས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་དང་ཚན་པའི་འགན་ཁུར་བློ་མཐུན་ཚོགས་འདུར་བསམ་འཆར་དང་གྲོས་འགོ་གསན་པར་ཕེབས་ཡོད།
         ཨུ་ཡོན་ཚོས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་བཏང་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་བ་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་རྒྱུར་དམིགས་ནས་བཏོན་གནང་བའི་དུས་རབས་ཀྱི་འགངས་ཆེའི་གནད་དོན་ཞིག་ཡིན་ལ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་གནང་བ་ཞིག་ཀྱང་རེད། རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་རྒྱུའི་ཐད་ཀྲུང་གོའི་གཏམ་རྒྱུད་ནི་གཞི་རྟེན་ཡག་ཤོས་དེ་རེད། གཏམ་རྒྱུད་ནི་ཐད་ཀའི་ཉམས་མྱོང་བརྗོད་པའི་རིག་གནས་ཤིག་ཡིན་པ་དང་སྤྱི་ཚོགས་ཀྱི་རིག་གནས་སྲོལ་རྒྱུན་དང་རིན་ཐང་གི་འདུ་ཤེས་ལ་བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་དང་ལྷག་པར་དུ་དེང་རབས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་བརྒྱུད་སྤྱི་དམངས་ཀྱིས“གདེང་ཚོད་བཞིར”གོ་བ་ཟབ་མོ་ལེན་པ་དང་ཆབས་ཅིག་དེའི་འདུ་ཤེས་ཟབ་ཏུ་གཏོང་རོགས་བྱེད་དགོས་པ་དེ་ཡིན་པའི་ངོས་འཛིན་གནང་ཡོད། ཨུ་ཡོན་ཁག་གཅིག་གིས་དེང་རབས་ཀྱི་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པར་དོན་དངོས་ནང་ཟབ་ཞུགས་བྱས་ནས་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་། ཁེ་ལས་ཀྱི་འགྱུར་ལྡོག མིའི་འགྱུར་བ་བཅས་ལ་སེམས་ཁུར་བྱེད་པ་དང་། མི་དམངས་ཀྱི་ལངས་ཕྱོགས་ཐོག་ལངས་བ། མི་དམངས་ལྟེ་བར་བཟུང་བ། ས་གནས་ཀྱི་ཁྱད་ཆོས་དང་མི་སེར་གྱི་ཁྱད་ཆོས་ལྡན་པའི་གཏམ་རྒྱུད་སྔོག་འདོན་བྱེད་པ། “གདེང་ཚོད་བཞིར”བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་རྒྱུར་མཛུབ་ཁྲིད་བྱེད་པ། གཏམ་རྒྱུད་ཀྱི་རྣམ་པའི་ཐོག་ནས་གནས་ལུགས་གསོན་ཉམས་དོད་པོས་གསལ་བཤད་བྱེད་པ། མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་གདེང་ཚོད་ཀྱི་བསམ་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ། ཇི་མ་ཇི་བཞིན་དང་ཟོལ་མེད་ཀྱི་སྒོ་ནས་གཏམ་རྒྱུད་ཤོད་པར་རྒྱ་ཆེའི་རིག་རྩལ་ལས་དོན་པས་གཟུགས་བརྙན་འབུར་དུ་ཐོན་པའི་སྒྱུ་རྩལ་སྤྱོད་མཁས་ཀྱི་སྒོ་ནས་ཕྱི་རོལ་ཡུལ་དང་མཐུན་པའི་དོན་དངོས་མཚོན་པ་དང་ལྷག་བསམ་རྣམ་དག་ངང་བསམ་བློ་རྒྱས་བཤད་བྱས་ཏེ་ཡང་དག་པའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོ་དར་སྤེལ་གཏོང་བ་དང་དྲང་ནུས་བརྒྱུད་སྤེལ་བྱེད་དགོས་ཞེས་བཏོན་གནང་བ་རེད།