མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།2017ལོའི་མཚོ་འགག་ངོགས་གཉིས་ཀྱི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དང་དེང་རབས་
ཅན་གྱི་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་26ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་23ཉིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཡེ་ཧྲེང་ཐའོ་ཞིབ་འཇུག་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་2017ལོའི་མཚོ་འགག་ངོགས་གཉིས་ཀྱི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཅན་གྱི་བགྲོ་གླེང་ཚོགས་འདུ་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི“དེང་རབས་དཔེ་སྐྲུན་ལས་རིགས་དང་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ”ཞེས་པ་དེ་ཡིན་ཞིང་། ངོགས་གཉིས་ཀྱི་དཔེ་སྐྲུན་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་མི་60ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
          དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ཡེ་ཧྲེང་ཐའོ་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལིའུ་ཤིན་ཁྲེང་གིས་ཤིས་ཚིག་ནང་ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་དང་ཡེ་ཧྲེང་ཐའོ་ཞིབ་འཇུག་ལྷན་ཚོགས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་། དར་སྤེལ། འཕེལ་རྒྱས་བཅས་གཏོང་རྒྱུ་དེ་དོར་ཐབས་མེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཏུ་བརྩི་བ་དང་ངོགས་གཉིས་ཀྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ་དེ་མེད་ཐབས་མེད་པའི་ཆ་ཤས་ཤིག་ཏུ་བརྩིས་ནས་2002ལོ་ནས་བཟུང“ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཅན”ལ་དམིགས་ནས་བགྲོ་གླེང་ཚོགས་འདུ་བསྟུད་མར་འཚོགས་ཏེ་ངོགས་གཉིས་ཀྱི་མཁས་དབང་སྤེལ་རེས་ལ་གདན་དྲངས་ཡོད་ཅེས་གསུངས་པ་རེད།
         ལིའུ་ཤིན་ཁྲེང་གིས་ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་དང་དཔེ་སྐྲུན་ལས་རིགས་དབར་ལོ་རྒྱུས་ཀྱི་འབྲེལ་བ་ཟབ་མོ་ཡོད། སྔར་ནས་ད་བར་དཔེ་སྐྲུན་ལ་དོ་སྣང་བྱེད་ཀྱི་ཡོད་ལ་ངོགས་གཉིས་ཀྱི་དཔེ་སྐྲུན་སྤེལ་རེས་ལའང་དོ་ཁུར་བྱེད་ཀྱི་ཡོད། ངོགས་གཉིས་ལ་ཐུན་མོང་གི་སྐད་ཡིག་དང་རིག་གནས་ཡོད་པས་ངོགས་གཉིས་ཀྱི་དཔེ་སྐྲུན་སྤེལ་རེས་དང་མཉམ་ལས་ཐད་རྨང་གཞི་གལ་ཆེན་བཏིངས་ཡོད། ངོགས་གཉིས་ཀྱི་དཔེ་སྐྲུན་ལས་རིགས་ཀྱིས་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་ཀྲུང་ཧྭའི་རིག་གནས་ཀྱི་འགྲན་རྩོད་ནུས་པ་ཆེར་གཏོང་གི་འགན་འཁྲི་ཕྲག་ཏུ་འཁུར་ཡོད་ལ་ཚང་མར་འཛམ་གླིང་གི་གྲངས་འཛིན་དཔེ་སྐྲུན་འཕེལ་རྒྱས་མྱུར་པོ་ཕྱིན་པ་ལས་བྱུང་བའི་འགྲན་སློང་དང་གོ་སྐབས་འཕྲད་ཡོད་ཅེས་གསུངས་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལུང་མིང་པེའོ་ཡིས་ཤིས་ཚིག་གསུང་སྐབས་དཔེ་སྐྲུན་ལས་རིགས་ནི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་པ་དང་དར་སྤེལ་གཏོང་མཁན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་ངོགས་གཉིས་ཀྱི་དཔེ་སྐྲུན་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ངོགས་གཉིས་ཀྱི་སྤུན་ཟླས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་སྤེལ་རེས་ལས་དོན་དེ་བས་ལེགས་པའི་ངང་སྒྲུབ་པ་དང་ངོགས་གཉིས་ཀྱི་མི་རིགས་ཀྱི་མཛའ་གྲོགས་སྔར་བས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།