མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།2017ལོའི་རྒྱལ་ཡོངས་ཀྱི"ཁྱིམ་ཚང་ཡག་ཤོས"ཁྱབ་བསྒྲགས་ཀྱི་ཚོགས་འདུ་པེ་ཅིང་དུ་འཚོགས།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་26ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་24ཉིན་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་པེ་ཅིང་དུ2017ལོའི་རྒྱལ་ཡོངས་ཀྱི“ཁྱིམ་ཚང་ཡག་ཤོས”ཁྱབ་བསྒྲགས་བྱེད་པའི་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཡོན་ཁྲའོ་ཚོགས་འདུར་ཕེབས་ཤིང་། ཁོང་གིས་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལྟར་དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་དང་མཛེས་སྡུག་ལྡན་པའི་ཁྱིམ་ཚང་བསྐྲུན་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ནང་བུད་མེད་དང་ཁྱིམ་ཚང་དུང་ཕྱུར་ཁ་ཤས་ལ་བདེ་སྐྱིད་ཀྱི་ཕུགས་འདུན་བཏོད་དེ་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས“ཁྱིམ་ཚང་ཡག་ཤོས”གཏོད་པའི་བྱེད་སྒོ་སྤེལ་བའི་ནང་རྒྱལ་ཡོངས་སུ“ཁྱིམ་ཚང་ཡག་ཤོས”ཁྲི་266ཐོན་ཡོད་པ་དང་ཚོགས་འདུའི་ཐོག་2017ལོའི་རྒྱལ་ཡོངས་ཀྱི“་ཁྱིམ་ཚང་ཡག་ཤོས”ཁྱབ་བསྒྲགས་བྱས་པ་རེད།
          ལི་ཡོན་ཁྲའོ་ཡིས་ཁྱིམ་ཚང་ནི་ཀྲུང་གོའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་ཁྱིམ་ཚང་བསྐྲུན་རྒྱུ་དེ་སྤྱི་ཚོགས་འཕེལ་རྒྱས་དང་ཤེས་དཔལ་ཡར་ཐོན་གྱི་རྨང་རྡོ་གལ་ཆེན་ཡིན། “ཁྱིམ་ཚང་ཡག་ཤོས”ཚང་མར་ཐུན་མོང་གི་ཁྱད་ཆོས་བཟང་པོ་ལྡན་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་གྱི་དུས་རབས་སྤྱོད་བཟང་ཡང་མངོན་བཞིན་ཡོད། རྒྱ་ཆེའི་བུད་མེད་ཚོས་མཛེས་སྡུག་ལྡན་པའི་ཁྱིམ་ཚང་གཏོད་རྒྱུར་ཁྲིད་སྟོན་ཧུར་ཐག་དང་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་མཛེས་སྡུག་ལྡན་པའི་ཁྱིམ་ཚང་གཏོད་རྒྱུ་སྒྲིག་འཛུགས་ཧུར་ཐག་བྱས་ནས་དེ་ཉིད་རྒྱ་ཆེའི་ཁྱིམ་ཚང་གི་བདེ་སྐྱིད་དོན་གཉེར་བྱེད་སར་འགྱུར་བ་བྱེད་དགོས། མཛེས་སྡུག་ལྡན་པའི་ཁྱིམ་ཚང་བསྐྲུན་པར་དང་ཐོག་ནང་མིའི་དབར་གྱི་འབྲེལ་བ་ཡག་པོ་ཡོད་དགོས་ལ་ཀུན་སྤྱོད་ལ་བརྟེན་ནས་ཁྱིམ་ཚང་འཛུགས་པ་དང་ཁྱིམ་ཚང་འཆམ་མཐུན་ལ་བརྟེན་ནས་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་དགོས། མཛེས་སྡུག་ལྡན་པའི་ཁྱིམ་ཚང་ལ་ཁྱིམ་ཚང་གི་སློབ་གསོ་ཡོད་དགོས་པ་དང་ཀུན་སྤྱོད་ལ་བརྟེན་ནས་ཕྲུ་གུར་སློབ་གསོ་རྒྱག་རྒྱུ་ཨང་དང་པོར་འཇོག་པ་དང་ངག་སློབ་དཔེ་སྟོན་གྱིས་ཕྲུ་གུར་སློབ་གསོ་བརྒྱབ་སྟེ་ཆུང་དུས་ནས་ཕྲུ་གུར“དགའ་ཞེན་ལྔའི”སློབ་གསོ་ཡག་པོ་རྒྱག་དགོས། མཛེས་སྡུག་ལྡན་པའི་ཁྱིམ་ཚང་ལ་ཁྱིམ་ཚང་གོམས་གཤིས་ཡག་པོ་ཡོད་དགོས་པ་དང་སྤྱོད་གཙང་ཁྱིམ་སྐྱོང་གི་དར་རྒྱུར་སྐུལ་འདེད་གཏོང་བ་དང་ཀྲུང་གོ་གུང་ཁྲན་ཏང་མིའི་ཁྱིམ་ཚང་ལྟ་བ་དར་སྤེལ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྱིམ་ཚང་ཀུན་ལ་རྩ་བ་ཚུགས་པ་བྱེད་དགོས་ཞེས་གསུངས་པ་རེད།