མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་51.15བཏང་སྟེ་སྤྱི་ཕན་གྱི་རིག་གནས་སྒྲིག་བཀོད་
རིན་མེད་ངང་སྒོ་དབྱེ་རྒྱུར་རྒྱབ་སྐྱོར་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་07ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། སྤྱི་ཕན་གྱི་རིག་གནས་སྒྲིག་བཀོད་རིན་མེད་ངང་སྒོ་དབྱེ་རྒྱུ་ནི་གཞི་རྩིའི་སྤྱི་པའི་རིག་གནས་ཀྱི་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། མི་དམངས་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་མངོན་འགྱུར་དང་སྲུང་སྐྱོང་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་ཀྱང་ཡིན། ཉེ་ཆར་ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་51.15བཏང་སྟེ་2017ལོའི་སྤྱི་ཕན་གྱི་རིག་གནས་སྒྲིག་བཀོད་རིན་མེད་ངང་སྒོ་དབྱེ་རྒྱུར་རྒྱབ་སྐྱོར་བྱས་ཤིང་། རྒྱབ་སྐྱོར་བྱེད་ཁོངས་སུ་རྒྱལ་ཡོངས་ཀྱི་དངོས་མང་རྟེན་རྫས་བཤམས་མཛོད་ཁང་དང་། དྲན་གསོ་ཁང་། རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་བཅས་1849དང་། གྲོང་ཁྱེར་རིམ་པའི་མཛེས་རྩལ་ཁང་དང་། སྤྱི་པའི་དཔེ་མཛོད་ཁང་། རིག་གནས་ཁང་བཅས་1094 རྫོང་རིམ་པའི་མཛེས་རྩལ་ཁང་དང་། སྤྱི་པའི་དཔེ་མཛོད་ཁང་། རིག་གནས་ཁང་བཅས་5869 ཤང་གྲོང་གི་རིག་གནས་ས་ཚིགས་དང་གྲོང་ཁྱེར་གྱི་སྡེ་ཁུལ་(ཁྲོམ་གཞུང)གྱི་རིག་གནས་ལྟེ་གནས་41051བཅས་ཚུད་ཡོད།
           གསར་འགོད་པར་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། 2008ལོར་ཀྲུང་དབྱང་གིས་དངོས་མང་རྟེན་རྫས་བཤམས་མཛོད་ཁང་དང་དྲན་གསོ་ཁང་རིན་མེད་ངང་སྒོ་དབྱེ་རྒྱུའི་གཏན་འབེབས་བྱས་པ་ནས་བཟུང་། ལོ་10ཡི་རིང་རིམ་རྩིས་བྱས་ན་ཀྲུང་དབྱང་ནོར་སྲིད་ཀྱིས་སྤྱི་ཕན་གྱི་རིག་གནས་སྒྲིག་བཀོད་རིན་མེད་ངང་སྒོ་དབྱེ་རྒྱུར་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་407བཏང་བ་མ་ཟད། སྲིད་གཞུང་གིས་སྤྱི་པའི་རིག་གནས་ཞབས་ཞུ་ཉོ་སྒྲུབ་སོགས་ཀྱི་བྱ་ཐབས་སྤྱད་དེ་དམངས་གཉེར་དངོས་མང་རྟེན་རྫས་བཤམས་མཛོད་ཁང་སོགས་དམངས་གཉེར་རིག་གནས་སྒྲིག་བཀོད་རིན་མེད་ངང་སྒོ་དབྱེ་རྒྱུར་སྐུལ་འདེད་བཏང་ཡོད། སྤྱི་ཕན་གྱི་རིག་གནས་སྒྲིག་བཀོད་རིན་མེད་ངང་སྒོ་དབྱེ་བ་དེས་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཏེ་མི་སེར་ལ་འཚམ་པའི“རིག་གནས་ཚོམས་ཆེན”བཀོད་སྒྲིག་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་དྲང་ནུས་དར་སྤེལ་གཏོང་ཐུབ་པ་བྱུང་ཡོད།