མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིང་ཆེན་བརྒྱད་ཀྱི་ཞིང་འབྲེལ་མ་དངུལ་བེད་ཡག་པོ་སྤྱད་པས་ཀྲུང་དབྱང་གིས་ཞིང་ཆེན་རེར་
སྒོར་ཁྲི་བརྒྱད་སྟོང་གི་བྱ་དགའ་སྤྲད་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་07ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་5ཉིན་ནོར་སྲིད་པུའུ་ཡིས་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་ཐད་ཀྱི་དབུལ་པོའི་རྫོང་ཁག་གཅིག་ལ་ཕན་འབྲས་ཅུང་ལེགས་པ་ཐོབ་པར་གཟེངས་བསྟོད་དང་སྐུལ་ལྕག་བྱ་ཆེད་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་6.4བཏང་སྟེ་ཞིང་ཆེན་བརྒྱད་ལ་བྱ་དགའ་སྤྲད་ཡོད།
      ཨན་ཧུའེ་དང་། ཧོ་ནན། ཧུའུ་ནན། ཁྲུང་ཆིང་། སི་ཁྲོན། ཡུན་ནན། ཧྲའན་ཤིས། ཀན་སུའུ་བཅས་ཞིང་ཆེན་(གྲོང་ཁྱེར)བརྒྱད་ལ་བྱ་དགའ་སྒོར་དུང་ཕྱུར་0.8ཐོབ་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ནོར་སྲིད་ཞིང་འབྲེལ་མ་དངུལ་གྱི་མཁོ་སྤྲོད་ལམ་སྲོལ་ལེགས་སུ་བཏང་ནས་དབུལ་པོའི་རྫོང་གིས་དུས་བཀག་བཞིན་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རོགས་རམ་བྱ་ཆེད། 2016ལོ་ནས་བཟུང་དབུལ་པོའི་རྫོང་ཁག་གཅིག་ལ་ནོར་སྲིད་ཞིང་འབྲེལ་མ་དངུལ་སྤྱི་འདོམས་དང་། བསྡུ་སྒྲིལ། བེད་སྤྱོད་བཅས་ཀྱི་ཚོད་ལྟའི་ལས་དོན་སྔོན་ལ་སྤེལ་ཞིང་། 2016ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་དབུལ་པོའི་རྫོང་961གིས་བསྡུ་སྒྲིལ་ཚོད་ལྟའི་ལས་དོན་སྤེལ་ནས་བསྡུ་སྒྲིལ་ཁྱབ་ཁོངས་ནང་ཚུད་པའི་རིམ་ཁག་ནོར་སྲིད་ཞིང་འབྲེལ་མ་དངུལ་ཁྱོན་སྒོར་དུང་ཕྱུར་3200ལྷག་ཙམ་ཟིན་ཡོད།