མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་《དུས་བབ་གསར་པའི་འོག་གི་ཏང་གི་ལྕག་སྐུལ་ཞིབ་བཤེར་ལས་
དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་07ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གིས་《དུས་བབ་གསར་པའི་འོག་གི་ཏང་གི་ལྕག་སྐུལ་ཞིབ་བཤེར་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་དང་《བསམ་འཆར་》ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལྕག་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཐད་ཀྱི་མཛུབ་སྟོན་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་མཛུབ་ཁྲིད་བསམ་བློ་དང་། ལས་འགན་གཙོ་བོ། ལས་ཀའི་རྩ་དོན། ལས་ཀའི་ལམ་ལུགས། ནུས་ཕྱོད་འཛུགས་སྐྱོང་། རྩ་འཛུགས་ཀྱི་འགོ་ཁྲིད་སོགས་ཐད་ནས་དུས་བབ་གསར་པའི་འོག་ཏང་གི་ལྕག་སྐུལ་ཞིབ་བཤེར་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ཐད་བླང་བྱ་ཁ་གསལ་དང་བྱེད་ཐབས་གལ་ཆེན་བཏོན་ཡོད།
          《བསམ་འཆར་》ནང་ལྕག་སྐུལ་ཞིབ་བཤེར་ལས་དོན་ནི་ཏང་གི་ལས་ཀའི་གྲུབ་ཆ་གལ་ཆེན་དང་། ཏང་གི་ཐབས་ཇུས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན། ཏང་གི་ཐབས་ཇུས་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན། ཏང་གི་སྤྱོད་ཚུལ་ལེགས་གཏོང་དང་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་བའི་ཐབས་ལམ་གལ་ཆེན་བཅས་ཡིན། དེང་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུ་དེ་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་མཚམས་སུ་སླེབས་པ་དང་སྦྲགས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་བྱ་རྒྱུ་འགག་རྩའི་དུས་སྐབས་དང་རྙོག་འཛིང་ཆེ་བའི་དུས་སུ་སླེབས་པ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བར་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་འགན་དེ་བས་ལྕི་བ་དང་བླང་བྱ་དེ་བས་མཐོ་བ་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས“བཀོད་སྒྲིག་བཅུ་ཆ་གཅིག་དང་དོན་འཁྱོལ་བཅུ་ཆ་དགུ ”ཡི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་ཏང་གི་སྲིད་སྐྱོང་དམིགས་ཚད་མངོན་འགྱུར་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་རེ་སྒུག་ཟབ་མོ་སྐོང་བ། ཏང་གི་སྲིད་སྐྱོང་གནས་བབ་ཀྱི་མཐོ་ཚད་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་ལྕག་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཧ་ཅང་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ལྕག་སྐུལ་ཞིབ་བཤེར་ལས་ཀའི་ནུས་པ་དང་ཆུ་ཚད་ཧུར་ཐག་ངང་མཐོ་རུ་གཏོང་བ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ངང་ལག་བསྟར་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས་པ་བསྟན་པ་རེད།
          《བསམ་འཆར་》ནང་དུས་བབ་གསར་པའི་འོག་གི་ཏང་གི་ལྕག་སྐུལ་ཞིབ་བཤེར་ལས་དོན་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་ཏན་ཏིག་གཏོང་བ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམིགས་པ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པའི་ངར་ཤུགས་ལ་བརྟེན་ནས་འཐབ་ཕྱོགས་དང་པོར་བསྐྱོད་དེ་དངོས་སུ་ལྟ་ཞིབ་བྱེད་པ། རྗེས་སྙེག་ཕན་འབྲས་རྩད་འདྲི་དང་འགན་འཁྲི་བདའ་འདེད་བྱེད་ཤུགས་ཆེ་རུ་གཏོང་བ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་ཡོངས་ཀྱིས་གང་གསུང་དེ་སྒྲུབ་ཞུ་ཐུབ་པའི་འགན་ལེན་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་པ་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
         《བསམ་འཆར་》ནང་ཏང་གི་ལྕག་སྐུལ་ཞིབ་བཤེར་ལས་ཀའི་ལས་འགན་གཙོ་བོ་ནི་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་རེད། ལྕག་སྐུལ་ཞིབ་བཤེར་ལས་དོན་སྤེལ་བར་ཏང་དང་རྒྱལ་ཁབ་ཀྱི་དུས་སྐབས་ཤིག་རིང་གི་ལྟེ་བའི་ལས་འགན་དང་གཙོ་གནད་ལས་ཀར་དམ་པོར་དམིགས་ནས་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ཀྱི་ཁྲོད་བྱ་སྤྱོད་སྤེལ་བ་དང་གང་ས་ཅི་ཐད་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས་པ་དང་། གནས་ཚུལ་དངོས་ཤེས་རྟོགས་དང་གནད་དོན་ལ་དམ་བཟུང་བྱས་ཏེ་མཁྲེགས་སར་གཏུག་ཕོད་པ་དང་དག་ཐེར་ལ་ལྕག་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། དངོས་ཐོག་བདེན་འཚོལ་དང་ལེགས་ཉེས་ཚང་མ་གོང་ཞུ་བྱས་ཏེ་ཕྱི་རོལ་ཡུལ་དང་མཐུན་ལ་གཞུང་དྲང་གི་སྒོ་ནས་ལས་ཀར་གདེང་འཇོག་དང་གནད་དོན་ལ་ངོས་འཛིན་བྱེད་དགོས་པ། ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་རིམ་ཁག་ཏང་རྩ་འཛུགས་ཀྱིས་རིམ་པ་དབྱེ་ནས་འགན་ཁུར་བ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལ་ནན་པོ་གཞིགས་ཏེ་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་བཀོལ་སྤྱོད་མཁས་པོ་བྱས་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་པ། ལས་འགན་དང་། མྱུར་ཚད། ཕན་འབྲས་བཅས་ལ་ལྟ་སྐུལ་བྱེད་དགོས་པ་མ་ཟད། ངོས་འཛིན་དང་། འགན་འཁྲི། སྤྱོད་ཚུལ་བཅས་ལའང་ཞིབ་བཤེར་བྱས་ཏེ་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པ་བཅས་རེད། ལྕག་སྐུལ་ཞིབ་བཤེར་ལས་དོན་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་དམིགས་ནས་ལས་འགན་ཁག་བགོས་དང་། བསྐྱར་འདྲི་བརྟག་ཞིབ། མཆན་བཀོད་མཛུབ་སྟོན། མཉམ་འབྲེལ་ལྟ་ཞིབ། བརྟག་ཞིབ་ལྟ་ཞིབ། ཐབས་ཇུས་དོན་འཁྱོལ་བྱེད་ཚུལ་སྙན་ཞུ། ཞིབ་དཔྱད་བསྐྱར་བཤེར། དག་ཐེར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་ཀའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཏོན་པ་རེད།
          《བསམ་འཆར་》ནང་ལྕག་སྐུལ་ཞིབ་བཤེར་ལས་ཀའི་འཆར་གཞི་དང་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ལྕག་སྐུལ་ཞིབ་བཤེར་བྱེད་སྟངས་དང་བྱེད་ཐབས་ལེགས་བཅོས་དང་གསར་གཏོད་བྱེད་པ། ལྕག་སྐུལ་ཞིབ་བཤེར་བྱས་འབྲས་གང་ལེགས་སྤྱོད་པ། ལྕག་སྐུལ་ཞིབ་བཤེར་ལས་ཀའི་ཕན་ནུས་མཐོར་གཏོང་བཅས་བྱེད་དགོས། ལྕག་སྐུལ་ཞིབ་བཤེར་ལས་ཀའི་ལོ་འཁོར་གྱི་འཆར་འགོད་བཟོ་བ་དང་དུས་མཚམས་རང་བཞིན་གྱི་བཀོད་སྒྲིག་བྱས་ནས་ལས་ཀའི་མ་ལག་རང་བཞིན་དང་། ཚན་རིག་རང་བཞིན། སྔོན་དཔག་རང་བཞིན་བཅས་ཟབ་ཏུ་གཏོང་དགོས། ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་། ས་གནས་ས་ཐོག་ཏུ་ལྐོག་ཞིབ། སྐབས་བསྟུན་འཐེན་བཤེར་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་གནས་ཚུལ་ཤེས་རྟོགས་དང་། གནད་དོན་ཐག་གཅོད། ལས་ཀར་སྐུལ་འདེད་བཅས་ནུས་ཤུགས་ཡོད་རྒུས་གཏོང་དགོས། ལྕག་སྐུལ་ཞིབ་བཤེར་བྱེད་པའི་ཁྲོད་ཤེས་རྟོགས་ཐུབ་པའི་གནད་དོན་འབྲེལ་ཡོད་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ལ་ནན་ཏན་ངང་ཡོ་བསྲང་དག་ཐེར་དང་བསླབ་བྱ་དང་ལེན་བྱ་རྒྱུའི་འགན་དཀྲི་བ་དང་ལྕག་སྐུལ་བྱས་ནས་དུས་ཐོག་ཏུ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། གནད་དོན་མངོན་གསལ་དོད་པའི་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བ་སྐོང་འདྲི་བྱེད་དགོས། ལྕག་སྐུལ་ཞིབ་བཤེར་གནས་ཚུལ་ཁྱབ་ཁོངས་ངེས་ཅན་ཞིག་ནང་བརྡ་ཁྱབ་གཏོང་བའམ་ཡང་ན་གསར་འགྱུར་སྨྱན་སྦྱོར་ཐོག་ཡོངས་བསྒྲགས་བྱས་ནས་ཕྱོགས་ཁག་གི་ལྟ་སྐུལ་དང་ལེན་བྱེད་དགོས། ལྕག་སྐུལ་ཞིབ་བཤེར་བྱས་འབྲས་རྩ་འཛུགས་ཀྱི་མི་དོན་སྡེ་ཚན་གྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་ནང་དོན་ནང་འཇུག་པ་དང་ལས་རྗེས་དཔྱད་ཞིབ་སྡེ་ཚན་གྱི་ལོ་འཁོར་གྱི་དཔྱད་ཞིབ་ནང་དོན་ནང་འཇུག་དགོས་པའི་བླང་བྱ་བཏོན་ཡོད།
          《བསམ་འཆར་》ནང་ལྕག་སྐུལ་ཞིབ་བཤེར་ལས་ཀའི་འགན་འཁྲི་བདའ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། ཐབས་ཇུས་ལག་བསྟར་བྱེད་ཤུགས་མི་འདང་བ་དང་ལས་ཀ་དོན་འཁྱོལ་ཡག་པོ་ཐུབ་མེད་པ་དང་། འགོ་ཁྲིད་ཀྱིས་ལྕག་སྐུལ་ཞིབ་བཤེར་ལས་དོན་སྤེལ་ཤུགས་མི་འདང་བ། བླང་བྱ་ལྟར་ལག་བསྟར་དོན་འཁྱོལ་བྱས་ཚུལ་སྙན་ཞུ་མི་བྱེད་པ། ལྷག་པའི་གནད་དོན་ཡོ་བསྲང་དང་དག་ཐེར་ནན་ཏན་མི་བྱེད་པ། ལྕག་སྐུལ་ཞིབ་བཤེར་ལས་ཀ་རྒྱུན་གཏན་ལྟར་སྤེལ་རྒྱུར་བཀག་འགོག་དང་འགལ་རྐྱེན་བཟོ་བ། གནད་དོན་ཤོད་མཁན་ལས་བྱེད་མང་ཚོགས་ལ་རྡུང་རྡེག་གཏོང་བ་དང་། འཁོན་ལན་སློག་པ། མ་ཉེས་ཁག་གཡོགས་བྱེད་པ་བཅས་དང་། དེ་བཞིན་ལྕག་སྐུལ་ཞིབ་བཤེར་ལས་དོན་མི་སྣས་ལས་འཛོལ་ཤོར་བར་གནད་དོན་ཚབས་ཆེ་ཆུང་ལ་གཞིགས་ནས་《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག་》དང་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》སོགས་འབྲེལ་ཡོད་གཏན་འབེབས་ལྟར་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུའི་ནན་བཤད་བྱས་ཡོད།
           《བསམ་འཆར་》ནང་རིམ་ཁག་ཏང་ཨུད་ཀྱི་ལྕག་སྐུལ་ཞིབ་བཤེར་ལས་ཀའི་བྱེད་པོའི་འགན་འཁྲི་ཤུགས་ཆེར་བཏང་སྟེ་ཏང་ཨུད་ཀྱི་འགོ་ཁྲིད་དང་ཏང་ཨུད་གཞུང་དོན་ཐིང་(ཁང)གིས་སྣེ་ཁྲིད་ནས་སྤྱི་ཡོངས་དམ་འཛིན་དང་སྡེ་ཚན་གྱི་ཁག་བགོས་འགན་འཁྲི་དང་ཕྱོགས་ཁག་ཞུགས་པའི་ལྕག་སྐུལ་ཞིབ་བཤེར་ལས་ཀའི་བཀོད་པ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་དོན་འཁྱོལ་དམ་འཛིན་བྱེད་པའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་ཐག་གཅོད་བྱེད་པ་དང་། ལྟ་ཞིབ་ལ་དམ་འཛིན། དོན་འཁྱོལ་འགན་ལེན་བྱེད་པ་བཅས་མཉམ་དུ་བཀོད་སྒྲིག་དང་མཉམ་དུ་སྐུལ་འདེད་གཏོང་དགོས་པ་དང་། ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན། ཏང་ཨུད་ཀྱི་ཨུ་ཡོན་བཅས་ཀྱིས་ལྕག་སྐུལ་ཞིབ་བཤེར་ལས་ཀར་དམ་འཛིན་བྱེད་དགོས་པ་དང་། ཏང་ཨུད་གཞུང་དོན་ཐིང་(ཁང)གིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་གཞི་རྩའི་འགན་ནུས་ཏན་ཏིག་བསྒྲུབས་ཏེ་རང་འགུལ་ངང་འཆར་གཞི་འདིང་བ་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། ཏང་ཨུད་ལས་དོན་སྡེ་ཚན་དང་། ཏང་ཙུའུ། གཞི་རིམ་ཏང་རྩ་འཛུགས་བཅས་ཀྱིས་འགན་འཁྲིའི་ཁྱབ་ཁོངས་ནང་གི་ལྕག་སྐུལ་ཞིབ་བཤེར་ལས་ཀའི་འགན་འཁྲི་ཏན་ཏིག་ཁུར་དགོས་པ་བཅས་རེད། ལྕག་སྐུལ་ཞིབ་བཤེར་སྒྲིག་གཞི་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལྕག་སྐུལ་ཞིབ་བཤེར་གྱི་ལས་བྱེད་པ་གསོ་སྦྱོང་བྱ་རྒྱུ་དེ་ལས་བྱེད་པར་སློབ་གསོ་གསོ་སྦྱོང་བྱེད་པའི་ལས་ཀའི་འཆར་གཞིའི་ནང་བཅུག་ནས་ཏང་ལ་ལྷག་བསམ་རྣམ་དག་དང་། འགན་འཁྲི་ཁུར་ཕོད་པ། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་ཏང་ཨུད་ཀྱི་ལྕག་སྐུལ་ཞིབ་བཤེར་ལས་བྱེད་པའི་དཔུང་ཁག་ཧུར་ཐག་ངང་འཛུགས་དགོས་པའི་ནན་བཤད་བྱས་པ་རེད།