མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་ཅ་ལི་ཧྥུ་ཉི་ཡ་ཀྲོའུ་ཡི་ཀྲོའུ་ཀྲང་པུ་ལང་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་08ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་ཅ་ལི་ཧྥུ་ཉི་ཡ་ཀྲོའུ་ཡི་ཀྲོའུ་ཀྲང་པུ་ལང་དང་མཇལ་འཛོམས་གནང་བ།

           མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་6ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨ་རིའི་ཅ་ལི་ཧྥུ་ཉི་ཡ་ཀྲོའུ་ཡི་ཀྲོའུ་ཀྲང་པུ་ལང་དང་མཇལ་འཛོམས་གནང་བ་རེད།
           ཞི་ཅིན་ཕིང་གིས་ས་གནས་དབར་སྤེལ་རེས་མཉམ་ལས་བྱ་རྒྱུ་དེ་ནི་ཀྲུང་ཨ་འབྲེལ་བའི་ཀ་རྟེན་གལ་ཆེན་ཞིག་ཡིན་པ་དང་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ལྡན་ཡོད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་ཀྱི་ས་གནས་དབར་གྱི་སྤེལ་རེས་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་ཞིང་ཆེན་དང་ཀྲོའུ་ཡིས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་དེ་བས་མང་པོ་གསར་གཏོད་བྱེད་པ་དང་ས་གནས་དབར་གྱི་སྤེལ་རེས་དང་མཉམ་ལས་དེ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་འཕར་གཞི་གསར་པ་ཞིག་ཏུ་གཏོད་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་བདེ་སྐྱིད་བསྐྲུན་དགོས། ཅ་ལི་ཧྥུ་ཉི་ཡ་ཀྲོའུ་ཡིས་ཨ་རིའི་དཔལ་འབྱོར་དང་སྤྱི་ཚོགས་ཐད་ནུས་པ་གལ་ཆེན་ཐོན་པས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ས་གནས་དབར་གྱི་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཚན་རྩལ་དང་། གསར་གཏོད། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་མང་བ་འབུལ་རྒྱུའི་རེ་བ་ཡོད། ང་ཚོས་ཅ་ལི་ཧྥུ་ཉི་ཡ་ཀྲོའུ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།