མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་2017ལོའི“གོ་ལ་ཧྲིལ་པོའི་འཇིག་རྟེན་འཕུར་སྐྱོད་འཚོལ་ཞིབ་ཚོགས་
ཆེན”ལ་རྟེན་འབྲེལ་ཞུ་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་08ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། 2017ལོའི“གོ་ལ་ཧྲིལ་པོའི་འཇིག་རྟེན་འཕུར་སྐྱོད་འཚོལ་ཞིབ་ཚོགས་ཆེན”ཟླ་6ཚེས་6ཉིན་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་ཡིག་སྤྲིངས་གནང་བ་རེད།
           ཞི་ཅིན་ཕིང་གིས་མིའི་རིགས་ཀྱིས་གནའ་སྔ་མོ་ནས་བཟུང་ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་བར་སྣང་ལ་ཡ་མཚན་དང་ཡིད་སྨོན་བྱེད་ཀྱི་ཡོད། ཀྲུང་ཧྭ་མི་རིགས་ཀྱིས་མི་རབས་ནས་མི་རབས་བར་མཁའ་སྐྱོད་ཀྱི་གཏམ་རྒྱུད་དང་ཕུགས་བསམ་བརྒྱུད་སྤྲོད་བྱེད་ཀྱི་ཡོད། དུས་རབས་20པར་མིའི་རིགས་ཀྱིས་བར་སྣང་དུ་འཚོལ་ཞིབ་བྱེད་པའི་འོད་སྟོང་འཕྲོ་བའི་ལེའུ་བརྩམས་ཡོད། འཇིག་རྟེན་འཕུར་སྐྱོད་ཚན་རྩལ་གྱིས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་ཐོན་སྐྱེད་ལ་ཤུགས་རྐྱེན་ཆེན་པོ་ཕོག་ཡོད་པས་འབྱུང་འགྱུར་ལ་ཕྱོགས་སྐབས་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་གྲུབ་འབྲས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ལུགས་གསུངས་ཡོད།
            ཞི་ཅིན་ཕིང་གིས་ཀྲུང་གོས་སྔར་ནས་བཟུང་འཇིག་རྟེན་འཕུར་སྐྱོད་འཚོལ་ཞིབ་དང་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་གསར་གཏོད་ལ་ཚད་མཐོའི་མཐོང་ཆེན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་བྱ་ཤུགས་ཆེ་རུ་བཏང་སྟེ་ཞི་བའི་སྒོ་ནས་བར་སྣང་ལ་འཚོལ་ཞིབ་གསར་སྤེལ་དང་བེད་སྤྱོད་བྱས་ཏེ་འཇིག་རྟེན་འཕུར་སྐྱོད་འཚོལ་ཞིབ་དང་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་གྲུབ་འབྲས་ཀྱིས་མིའི་རིགས་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད། ད་རེས་ཀྱི་ཚོགས་ཆེན་བརྒྱུད་གོ་ལ་ཧྲིལ་པོའི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་འཕེལ་རྒྱས་དང་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་སྐུལ་མ་ནུས་ལྡན་ཐེབས་རྒྱུའི་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།