མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧེ་མོང་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་11ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

              མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནར་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧེ་མོང་དང་མཇལ་འཛོམས་གནང་བ་རེད།
           ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཐ་ཇིག་སི་ཐན་ནི་མཛའ་མཐུན་ཟབ་པའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་དང་ཕན་ཚུན་ཡིད་ཆེས་ཆེན་པོ་བྱེད་པའི་འཐབ་ཇུས་རོགས་ཟླ་ཡིན། རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་འགྲོ་འོང་དམ་ཟབ་ཡོད་པ་དང་དཔལ་འབྱོར་ཚོང་དོན་དང་། ཞིང་ལས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ནུས་རྒྱུ། བདེ་འཇགས་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་མཉམ་ལས་དམ་ཟབ་བྱས་ཡོད། དེང་སྐབས་ཀྲུང་གོ་དང་ཐ་ཇིག་སི་ཐན་དབར“རྒྱུད་གཅིག་ལམ་གཅིག”མཉམ་ལས་མཉམ་སྐྲུན་བྱེད་པར་གྲུབ་འབྲས་གལ་ཆེན་ཐོབ་པ་དང་གོམ་སྟབས་རྗེས་མར་མཉམ་ལས་བྱ་རྒྱུ་དེ་རྩེར་སོན་དང་། གསར་གཏོད། སྣེ་མང་བཅས་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་སྦྲེལ་མཐུད་ཀྱིས་འཛུགས་སྐྲུན་བྱ་རྒྱུར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐོན་ནུས་དང་སྒྲིག་ཆས་བཟོ་བའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གེགས་སེལ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ། འགོག་སྲུང་ལས་དོན་དང་ཁྲིམས་བསྟར་བདེ་འཇགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་25འཁོར་བ་དེ་གོ་སྐབས་སུ་བྱས་ནས་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་བསམ་པ་དར་སྤེལ་གཏོང་བ་དང་། འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གཉིས་ཁེ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་བ་རེད།
            ལ་ཧེ་མོང་གིས་ཐ་ཇིག་སི་ཐན་དང་ཀྲུང་གོ་ནི་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། རོགས་ཟླ་ཡག་པོ་བཅས་རེད། ཐ་ཇིག་སི་ཐན་གྱིས་ཐ་ཀྲུང་མཛའ་གྲོགས་ལ་གཅེས་སྤྲས་བྱེད་པ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ཀྲུང་གོའི་ནུས་པ་གལ་ཆེན་ལ་གཙིགས་ཆེན་བྱས་ནས་ཐ་ཀྲུང་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུར་རྩེ་གཅིག་ཏུ་གཞོལ་རྒྱུ་ཡིན། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་25སོང་རིང་། ཐ་ཇིག་སི་ཐན་དང་ཀྲུང་གོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཆེན་པོ་བྱེད་པ་དང་དཔལ་འབྱོར་ཚོང་དོན་དང་། ཚན་རྩལ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཐ་ཇིག་སི་ཐན་གྱི་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་ཀྲུང་གོས་བཏོན་པའི་ལོ་རྒྱུས་རང་བཞིན་གྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ཧ་ཅང་འཚམ་པོ་བྱུང་ཡོད། ཐ་ཇིག་སི་ཐན་གྱིས་རང་ངོས་འཕེལ་རྒྱས་གཏོང་རྒྱུ་དེ“རྒྱུད་གཅིག་ལམ་གཅིག”འཛུགས་རྒྱུ་དང་སྦྲེལ་མཐུད་བྱས་ནས་ཕན་ཚུན་སྦྲེལ་མཐུད་དང་། གློག་ཤུགས། ཞིང་ལས། བདེ་འཇགས་སོགས་ཁྱབ་ཁོངས་ནང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བསྟན་གནང་བ་རེད།