མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་སྐབས་དྲུག་པ་ཁྲེང་ཏུའུ་རུ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་12ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”ཚོགས་ར་གཙོ་བོའི་བྱེད་སྒོ་ཡིན་པའི་ཀྲུང་གོ་ཁྲེང་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་སྐབས་དྲུག་པ་ཚེས་10ཉིན་འགོ་ཚུགས་པ་དང་། “རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་ལག་ལེན་དངོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དེ་དང་དུས་གཅིག་ཏུ་སྤེལ་བའི་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་གི་རིམ་སྤེལ་འགྲེམས་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྩལ་འགྲན། སྡེ་ཁུལ་དུ་ཀྲུང་གོའི་སྲོལ་རྒྱུན་འཁྲབ་སྟོན་སྒྱུ་རྩལ་འཁྲབ་པ་སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་ཆེ་གྲས་7གྱིས“འཛམ་གླིང་གི་ཉམས་འགྱུར་དང་། ཀྲུང་གོའི་དུས་ཆེན། ཀྲུང་གོའི་ཟློས་གར། ཀྲུང་གོའི་སྒྱུ་རྩལ”བཅས་གང་ལེགས་མངོན་པ་རེད།
            གསར་འགོད་པར་ཤེས་རྟོགས་བྱུང་གསལ། “མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན”གྱི་འགོ་ཚུགས་མཛད་སྒོ་དེ་ཀྲུང་གོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”ཐེངས་དང་པོའི་རྒྱལ་ཡོངས་ས་གནས་ཁག་གི་བྱེད་སྒོ་1000ལྷག་ཙམ་དང་དུས་གཅིག་ཏུ་སྤེལ་འགོ་ཚུགས་ཡོད། གཞན་ཡང་སྐབས་འདིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་ནང་ཞུགས་པའི་རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་100ལྷག་ཙམ་ཟིན་པ་དང་རྩལ་ནུས་ལག་རྩལ་ལམ་དངོས་རྫས་ངོམ་སྟོན་དང་འགྲེམས་འཁྲབ་ཀྱི་འཐུས་ཚབ་རང་བཞིན་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་1100ལྷག་ཟིན་ཡོད་པ་རེད།
            ཟླ་6ཚེས་10ཉིན་ནས་ཚེས་18ཉིན་བར། “འཛམ་གླིང་གི་ཉམས་འགྱུར་དང་། ཀྲུང་གོའི་དུས་ཆེན། ཀྲུང་གོའི་ཟློས་གར། ཀྲུང་གོའི་སྒྱུ་རྩལ”བཅས་གཙོ་རྐང་དུ་བྱས་པའི་བྱེད་སྒོ་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ངང་སྤེལ་རྒྱུ་དང་། གསར་འགོད་པས་བྱེད་སྒོ་སྤེལ་ཡུལ་ནས་དབྱི་ཐ་ལི་དང་མོ་ཞི་ཁོ་སོགས་རྒྱལ་ཁབ་13ནས་ཡོང་བའི་འཁྲབ་སྟོན་རུ་ཁག་གིས་རེས་མོས་ངང་འཁྲབ་སྟོན་བྱེད་པ་དང་། “ཀྲུང་གོའི་ཟློས་གར”གྱི་གར་སྟེགས་ཐོག་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་བདམས་པའི་འཁྲབ་སྟོན་རུ་ཁག་34ཚང་མས་འཁྲབ་སྟོན་བྱེད་པ་མཐོང་བྱུང་། རིག་གནས་པུའི་པུའུ་ཀྲང་ལུའོ་ཧྲུའུ་ཀང་གིས་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་དེ་རྒྱལ་ཁབ་ཁག་དང་མི་རིགས་ཁག་གིས་ཁྱད་ཆོས་མངོན་གསལ་དོད་པའི་མངོན་མིན་རིག་གནས་ཤུལ་བཞག་ངོམ་སྟོན་བྱེད་པ་དང་འབྲེལ་སྲུང་སྐྱོབ་ཀྱི་ཉམས་མྱོང་སྤེལ་རེས་བྱེད་པ་དང་རྒྱལ་སྤྱིའི་རིག་གནས་མཉམ་ལས་བྱེད་ཟབ་ཏུ་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བཤད་པ་རེད།
         གླེང་རིན་ཡོད་པ་ཞིག་ནི། སྐབས་འདིའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ནང“སྲོལ་རྒྱུན་དྲག་རྩལ”དང་། “སྲོལ་རྒྱུན་བཟོ་རྩལ”“སྲོལ་རྒྱུན་དམངས་གཞས”“གྲུ་ཤན་འབྲུག་མགོའི་འགྲན་བསྡུར”བཅས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་རིགས་བཞི་འགྲན་བསྡུར་བྱེད་ཐེངས་དང་པོ་ཡིན་པ་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པའི་ཆུ་རྒྱུན་ལྟ་བུའི་མི་རིགས་ཀྱི་རིག་གནས་ཀྱི་རང་རྟོགས་ཤིག་ངོམ་རྒྱུ་རེད། སྲོལ་རྒྱུན་དྲག་རྩལ་འགྲན་བསྡུར་ལ་སྲོལ་རྒྱུན་དྲག་རྩལ་གྱི་རྒྱུན་འཛིན་པ་300ལྷག་ཙམ་གདན་དྲངས་ཏེ་འགྲན་བསྡུར་དང་འགྲེམས་འཁྲབ་བྱ་རྒྱུ་དང་། སྲོལ་རྒྱུན་བཟོ་རྩལ་འགྲན་བསྡུར་ལ་སྲོལ་རྒྱུན་གྱི་བསླས་འཐག་བཟོ་རྩལ་དང་། གཞོང་ལྗོངས། ལོ་གསར་རི་མོ་ཤིང་བརྐོས་མ། དངུལ་ཆས་ལ་ཚགས་རྒྱག་་སྟངས། སོགས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་རྒྱུན་འཛིན་མི་རབས་གསར་པ་320འགྲན་བསྡུར་དང་འགྲེམས་འཁྲབ་ལ་ཞུགས་རྒྱུའི་གདན་དྲངས་ཡོད་པ་རེད།