མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱིས་རིག་གནས་དང་རང་བྱུང་ཤུལ་བཞག་ ཉིན་མོའི་བྱེད་སྒོ་ཐེངས་དང་པོ་གཉེར་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་12ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་10ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རང་རྒྱལ་གྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”སྤེལ་འགོ་ཚུགས་པའི་བྱེད་སྒོ་ཐེངས་དང་པོ་དང་ཀྲུང་གོའི་འཛམ་གླིང་རང་བྱུང་ཤུལ་བཞག་གི་སྐུལ་སྤེལ་ཚོགས་འདུ་ཧུའུ་པེ་ཧྲེན་ནུང་ཅ་ནགས་ཁུལ་དུ་འཚོགས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་བྱེད་སྒོའི་ཉིན་རེའི་གྲོས་རིམ་ནང་《ཀྲུང་གོའི་འཛམ་གླིང་ཤུལ་བཞག་》གི་དཔེ་དེབ་འགྲེམས་སྤེལ་དང་། ཀྲུང་གོའི་རང་བྱུང་ཤུལ་བཞག་དང་། རང་བྱུང་དང་རིག་གནས་ཤུལ་བཞག་གཉིས་ཀྱི་གྲ་སྒྲིག་མིང་གཞུང་ཡོངས་བསྒྲགས། ཀྲུང་གོའི་འཛམ་གླིང་ཤུལ་བཞག་པར་རྒྱག་འགྲེམས་སྟོན་དང་ཧུའུ་པེ་ཤུལ་བཞག་གི་ས་བཀྲ་འགྲེམས་སྟོན། ཧུའུ་པེ་ཧྲེན་ནུང་ཅ་འཛམ་གླིང་ཤུལ་བཞག་གི་བྱང་བུ་སྤྲོད་པ། ཧྲེན་ནུང་ཅ་འཛམ་གླིང་ཤུལ་བཞག་གི་བསྒྲགས་གཏམ། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་། ཚན་རིག རིག་གནས་བཅས་རྩ་འཛུགས་ཀྱི་རིགས་གཅིག་མཁས་ཅན་དང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིས་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་རྒྱུ་སོགས་ཚུད་ཡོད་པ་རེད།
          ན་ནིང་ཟླ་7ཚེས་17ཉིན། ཧྲེན་ནུང་ཅ་འདི་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་《འཛམ་གླིང་ཤུལ་བཞག་གི་མིང་གཞུང་》ནང་དངོས་སུ་བཅུག་པ་དང་། “འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁུལ”ཞེས་པའི་གཟི་བརྗིད་མཚན་སྙན་སྤྲད་པ་རེད། དེ་ནི་ཧུའུ་པེའི་འབའ་ཞིག་དང་ཀྲུང་གོའི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁག་11པ་དེ་རེད། འདི་ལོ་ནི་རང་རྒྱལ་གྱིས་ཤུལ་བཞག་རེ་ཞུ་བྱས་ནས་ལོ་30འཁོར་བའི་ལོ་ཞིག་ཡིན་པ་དང་། 1987ལོར་རང་རྒྱལ་གྱི་ཁག་དང་པོའི་ཤུལ་བཞག་གནས་6《འཛམ་གླིང་ཤུལ་བཞག་མིང་གཞུང་》ནང་ཚུད་ཡོད་པ་རེད། ལོ་30ལྷག་ཙམ་རིང་། རང་རྒྱལ་གྱི་འཛམ་གླིང་ཤུལ་བཞག་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་སྟེ། ད་ཆ་འཛམ་གླིང་ཤུལ་བཞག་ཁག་50ཡོད་པ་དང་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་ནས་མིང་དོན་མཚུངས་པའི་ཤུལ་བཞག་གི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
          འདི་ལོ་ནས་བཟུང་རང་རྒྱལ་གྱིས་ལོ་ལྟར་གྱི་ཟླ་6པའི་རེས་གཟའ་སྤེན་པ་གཉིས་དེ“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོར”གཏན་འཁེལ་བྱ་རྒྱུ་དང་། སྡོད་ཁང་འཛུགས་སྐྲུན་པུའི་པུའུ་ཀྲང་གཞོན་པ་ཉི་ཧུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་བྱུང་ཤུལ་བཞག་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ལ་བརྩིས་ཡོད། “རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”གཏན་འཁེལ་བྱས་པ་དེ་ཐོག་ནས་ཀྲུང་གོས་མིའི་རིགས་ཀྱི་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་གི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ལུགས་སྔར་བས་གསལ་པོར་མངོན་པ་དང་། ཀྲུང་གོ་སྲིད་གཞུང་གིས་བརྗིད་ཆགས་ཡིད་དུ་འོང་བའི་རང་བྱུང་མཛེས་ལྗོངས་དང་དུས་ཡུན་རིང་པོའི་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་མངོན་ནས། སྤྱི་ཚོགས་ཡོངས་ཤུལ་བཞག་སྲུང་སྐྱོང་ལ་ཞུགས་པའི་ཧུར་སེམས་ཆེ་རུ་འགྲོ་རྒྱུར་ཕན་པ་ཡོད་ལ་རང་བྱུང་ཤུལ་བཞག་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་ཐུབ་རྒྱུ་རེད་ཅེས་བཤད།