མི་དམངས་དྲ་བ།

༄༅།།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕ་ན་མ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་འབྲེལ་
གྱི་འབྲེལ་བ་འཛུགས་པའི་སྐོར་གྱི་མཉམ་འབྲེལ་སྤྱི་བསྒྲགས།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་14ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕ་ན་མ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་འབྲེལ་
གྱི་འབྲེལ་བ་འཛུགས་པའི་སྐོར་གྱི་མཉམ་འབྲེལ་སྤྱི་བསྒྲགས།

         མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕ་ན་མ་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་རེ་འདུན་ལ་གཞིགས་ཏེ་སྤྱི་བསྒྲགས་ལ་མིང་རྟགས་བཀོད་པ་ནས་བཟུང་ཕན་ཚུན་བར་གཞུང་ཚབ་ཆེན་མོའི་རིམ་པའི་ཕྱི་འབྲེལ་འབྲེལ་བ་ཁས་བླངས་པ་མ་ཟད་བཙུགས་པ་རེད།
         རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་སོ་སོའི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བཙན་གནོན་མི་བྱེད་པ། ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས་བཅས་ཀྱི་རྩ་དོན་གྱི་རྨང་གཞིའི་ཐོག་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མོས་མཐུན་བྱས་ཡོད།
          ཕ་ན་མ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་སྲིད་གཞུང་ཉག་ཅིག་ཡིན་ཞིང་། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ལས་ཁ་ཕྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་བྱས་ཡོད་པ་དང་། ཕ་ན་མ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་ཉིན་དེ་ནས་བཟུང་ཐའེ་ཝན་དང"ཕྱི་འབྲེལ་གྱི་འབྲེལ་བ"གཅོད་རྒྱུ་མ་ཟད། ཐའེ་ཝན་དང་གཞུང་ཕྱོགས་བར་གྱི་འབྲེལ་བ་གང་ཡང་མི་བྱ་རྒྱུ་དང་། གཞུང་ཕྱོགས་བར་གྱི་འགྲོ་འོང་གང་ཡང་མི་བྱ་རྒྱུ་དམ་བཅའ་བཞག་པ་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་ཕ་ན་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་གོང་དུ་བརྗོད་པའི་ལང་ཕྱོགས་ལ་བསྟོད་བསྔགས་བྱས་པ་རེད།
          ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་ཕ་ན་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གཉིས་ཀྱིས་1961ལོའི་《ཝེ་ཡེ་ནའི་ཕྱི་ཕྱོགས་འབྲེལ་བའི་སྤྱི་ཆིངས་》ཀྱི་གཏན་འབེབས་དང་རྒྱལ་སྤྱིའི་གོམས་སྲོལ་ལ་གཞིགས་ནས་ཕན་ཚུན་གཞུང་ཚབ་ཆེན་མོ་མངག་གཏོང་གང་མགྱོགས་བྱ་རྒྱུ་མ་ཟད། རིམ་མཚུངས་ཀྱི་རྨང་གཞིའི་ཐོག་སོ་སོའི་རྒྱལ་ས་རུ་ཕ་རོལ་བའི་ཕྱོགས་ལ་གཞུང་ཚབ་ཁང་འཛུགས་པ་དང་ལས་འགན་སྒྲུབ་པར་དགོས་ངེས་ཀྱི་རོགས་རམ་གང་ཡོད་མཁོ་འདོན་བྱ་དགོས་པའི་གྲོས་ཐག་བཅད་པ་རེད།
         ཕྱོགས་གཉིས་ཀྱི་མིང་རྟགས་བཀོད་པའི་འཐུས་ཚབ་པས་སོ་སོའི་སྲིད་གཞུང་ནས་གནང་བའི་དབང་ཆ་ལྟར་ཉིས་སྟོང་བཅུ་བདུན་ལོའི་ཟླ་བ་དྲུག་པའི་ཚེས་བཅུ་གསུམ་ཉིན་པེ་ཅིང་དུ་སྤྱི་བསྒྲགས་རྒྱ་ཡིག་དང་སི་ཕེན་ཡི་གེའི་ཡིག་ཆ་ངོ་འདྲ་གཉིས་ལ་མིང་རྟགས་བཀོད་པ་དང་། ཡིག་རིགས་གཉིས་ཀྱི་ཡིག་ཆ་གཉིས་ཀ་རྩིས་འགྲོ་འདྲ་མཚུངས་ཡོད་པ་རེད།
         ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐུས་ཚབ་པ། ཝང་དབྱི། 
         ཕ་ན་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐུས་ཚབ་པ། དབྱི་ཧྲ་པེར•ཏེ་ཧྲིང་མ་ལུའོ། 

༄༅།།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕ་ན་མ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་འབྲེལ་
གྱི་འབྲེལ་བ་འཛུགས་པའི་སྐོར་གྱི་མཉམ་འབྲེལ་སྤྱི་བསྒྲགས།