མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་2017ལོའི་འབོ་གསེར་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་ལ་རྟེན་འབྲེལ་
ཕྱག་ཡིག་སྤྲིངས་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་19ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། 2017ལོའི་འབོ་གསེར་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་ཟླ་6ཚེས་17ཉིན་གྱི་དགོང་མོ་ཀོང་ཀྲོའུ་རུ་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཕྱག་ཡིག་སྤྲིངས་གནང་ནས། ལུས་རྩལ་འགྲན་ཚོགས་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་དང་སྦྲགས། ལུས་རྩལ་འགྲན་ཚོགས་ལ་ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་མགྲོན་དང་། ལུས་རྩལ་པ། རྩལ་ཁྲིད་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཡང་ཞུས་གནང་བ་རེད།
         ཞི་ཅིན་ཕིང་གིས། ང་ཚོས་འདི་ལོའི་ཟླ་9པར་འཚོག་རྒྱུའི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞ་མོན་ཚོགས་འདུ་གོ་སྐབས་སུ་བརྩིས་ནས། འབོ་གསེར་རྒྱལ་ཁབ་དབར་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་དང་མཉམ་ལས་ལ་འབྲས་བུ་གསར་པ་ཐོབ་རྒྱུར་སྐུལ་སྤེལ་བཏང་སྟེ། འབོ་གསེར་རྒྱལ་ཁབ་མཉམ་ལས་ཀྱི་དམངས་འདུན་རྨང་གཞི་བརྟན་དུ་གཏོང་རེ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འབོ་གསེར་རྒྱལ་ཁབ་ཀྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་བར་རང་རང་གི་ཁྱད་ཆོས་ལྡན་ཞིང་། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལས་ལུས་རྩལ་པའི་རྩལ་འགྲན་ཆུ་ཚད་མཐོ་རུ་དང་། སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་ཁྱབ་གདལ། ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་སྤེལ། མི་དམངས་དབར་གྱི་མཛའ་གྲོགས་ལ་སྐུལ་འདེད་བཅས་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ། ལུས་རྩལ་པ་ཚོས་ཁྱད་ཆོས་དར་སྤེལ་དང་། ཆུ་ཚད་འགྲན་པ། གྲུབ་འབྲས་གཏོད་ཐུབ་པ་བཅས་ཀྱི་རེ་བ་ཡོད་ཅེས་བསྟན་ཡོད།