མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཚང་འཛོམས་
གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་22ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་6ཚེས་20ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཞི་ཅིན་ཕིང་གིས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་མཐོར་འདེགས་བྱས་པ་དེ་ནི་ང་ཚོས་དུས་ཡུན་རིང་པོའི་ནང་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ཆོས་ཉིད་འཚོལ་ཞིབ་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་བདེ་འཇགས་ཀྱི་སྤྱི་ཡོངས་དང་བསྟུན་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག རྙོག་འཛིང་ཆེ་བའི་བདེ་འཇགས་ཀྱི་ཉེན་ཁར་ཁ་གཏད་གཅོག་པ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ལེགས་ཆ་ཐོབ་པ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་བཅས་ཡིན། གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་དང་དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་བྱས་ཏེ་གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པོ་དང་། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན། དགོས་མཁོ་གཅིག་འབྲེལ་ལ་ཤུགས་སྣོན། འཕར་ཚད་དང་གསོག་ཚད་སྤྱི་འདོམས་བཅས་བྱས་ནས་གོམ་སྟབས་གཅིག་གྱུར་གྱིས་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་དང་། མ་ལག་དང་གཞི་རྒྱུ་མཉམ་འདྲེས། ལམ་ལུགས་དང་ཚད་གཞི་འཛུགས་པ། རྒྱུ་རྐྱེན་ཧྲིལ་པོ་མགྱོགས་མྱུར་ཆགས་པ་བྱེད་པ། ཁྱབ་ཁོངས་མང་བ། ཕན་འབྲས་མཐོ་བ་བཅས་ཀྱི་དམག་དམངས་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་ཀྱི་རྣམ་པ་ཆགས་རྒྱུར་སྐུལ་འདེད་བཏང་སྟེ་རིམ་གྱིས་དམག་དམངས་གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་འཛུགས་དགོས་ཞེས་ནན་བཤད་གནང་བ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་ལིའུ་ཡུན་ཧྲན་ཚོགས་འདུར་ཕེབས་པ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་གཞུང་དོན་ཁང་གི་ཀྲུའུ་རེན་གཅིག་ལྕོགས་ཀྲང་ཀའོ་ལིས་གཞུང་དོན་ཁང་གྲབས་འཛུགས་ལས་དོན་གྱི་གནས་ཚུལ་དང་དེ་བཞིན་ཚོགས་འདུས་གྲོས་ཞིབ་བྱ་རྒྱུའི་ཡིག་ཆར་གསལ་བཤད་གནང་བ་རེད།
           ཚོགས་འདུའི་ཐོག་《ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ལས་ཀའི་ལམ་སྲོལ་》དང་། 《ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གཞུང་དོན་ཁང་གི་ལས་ཀའི་ལམ་སྲོལ》 《ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཉེ་དུས་ལས་ཀའི་གཙོ་གནད》 《ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་འགོ་ཁྲིད་སྒྲིག་གཞི་དང་ལས་ཀའི་སྒྲིག་གཞི་བཀོད་སྒྲིག་གི་བསམ་འཆར་》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
          ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ནི་དམག་དམངས་མཉམ་འདྲེས་འཐབ་ཇུས་ཀྱི་གོ་སྐབས་དུས་ཤིག་ཡིན་ལ་དམག་དམངས་མཉམ་འདྲེས་དེ་ཐོག་མའི་མཉམ་འདྲེས་ནས་མཉམ་འདྲེས་ཟབ་མོའི་ཕྱོགས་སུ་བར་བརྒལ་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འགག་རྩའི་དུས་ཤིག་ཀྱང་ཡིན། འབྲེལ་ཡོད་ཕྱོགས་ཁག་གིས་ངེས་པར་དུ་གོ་སྐབས་དམ་འཛིན་དང་བསམ་ཕྱོགས་གསར་འབྱེད་བྱས་ཏེ“སྤྱི་འདོམས”ཐད་གཞོལ་བ་དང་། “མཉམ་འདྲེས”ཐད་ལས་དོན་བསྒྲུབས་པ། “གསར་པའི”ཐད་ཚད་བརྒལ་ཐུབ་པ། “གཏིང་ཟབ”ཐད་ཕན་འབྲས་ཐོན་པ་བཅས་བྱས་ཏེ་དམག་དམངས་མཉམ་འདྲེས་ཀྱི་ལས་དོན་དེ་བས་ལེགས་པ་དང་དེ་བས་མགྱོ གས་པའི་སྒོ་ནས་སྒྲུབ་ཐུབ་པ་བྱེད་དགོས།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་བར་ངེས་པར་དུ་རྒྱལ་བབ་དང་དམག་བབ་ལ་གཞི་ཚུགས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དམངས་མཉམ་འདྲེས་ལམ་བུར་བསྐྱོད་དེ་དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་འདུ་ཤེས་དང་ཐབས་ཇུས་བཀོད་སྒྲིག་དེ་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་གྱི་ཁྱབ་ཁོངས་ཧྲིལ་པོ་དང་བརྒྱུད་རིམ་ཧྲིལ་པོའི་ཁྲོད་ལག་བསྟར་དོན་འཁྱོལ་བྱེད་དགོས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ནས་དོན་ཆེན་བསྒྲུབས་ཐུབ་པའི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་རྒྱལ་ཁབ་ཀྱིས་གཙོ་ཁྲིད་དང་ཁྲོམ་རའི་འཁོར་སྐྱོད་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ་འཆར་འགོད་ཀྱི་ཁྲིད་སྟོན་དང་། སྒྲིག་གཞི་གསར་གཏོད། སྲིད་ཇུས་རོགས་སྐྱོར། ཁྲིམས་སྐྱོང་འགན་ལེན་བཅས་དང་དེ་བཞིན་ཁྲོམ་ར་ཅན་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་སྒྲིལ་ཧུར་ཐག་དང་རྒྱལ་སྲུང་འཛུགས་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་དམག་དམངས་མཉམ་འདྲེས་ཀྱི་ཕྱོགས་གཉིས་འདེགས་སྐྱོར་སྐུལ་འདེད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་གྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་འགྲོ་རྒྱུ་མངོན་འགྱུར་བྱེད་དགོས།
           ཞི་ཅིན་ཕིང་གིས་བསྟན་དོན། དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རྩ་བའི་ཐར་ལམ་དེ་སྒྱུར་བཅོས་གསར་གཏོད་ལ་ཐུག་ཡོད། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་བཀག་རྒྱ་ལས་སྒྲོལ་རྒྱུ་ཚད་བརྒལ་དུ་བྱེད་པ་དང་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་བཟང་སྒྲིག་བྱས་ཏེ་མཉམ་འདྲེས་མ་ལག་བསྐྱར་འཛུགས་དང་གཙོ་གནད་ཁྱབ་ཁོངས་གཅིག་འདོམས་ལ་སྐུལ་འདེད་གཏོང་དགོས། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་གཏོང་བའི་ཐབས་ཇུས་ཟུང་འབྲེལ་ནུས་ལྡན་བྱས་ཏེ་དམག་དམངས་མཉམ་འདྲེས་གསར་གཏོད་མ་ལག་མགྱོ གས་མྱུར་འཛུགས་པ་དང་། སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་གསར་གཏོད་དཔེ་སྟོན་གཞི་རྟེན་སྐྱེད་སྲིང་། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་དགོས།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱ་ཐབས་སྤྱོད་མཁས་པོ་བྱས་ཏེ་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཚད་ལྡན་དང་། ཁྲིད་སྟོན། འགན་ལེན་བཅས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་དམག་དམངས་མཉམ་འདྲེས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་འཛུགས་པ་དང་། བཟོ་བཅོས། མཚམས་འཇོག འགྲེལ་བཤད་བཅས་བྱེད་པའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།
          ཞི་ཅིན་ཕིང་གིས་བསྟན་དོན། དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་བར་ངེས་པར་དུ་གཙོ་གནད་ཁྱབ་ཁོངས་ནང་གཅིག་སྡུད་བྱས་ནས་ཤུགས་སྣོན་རྒྱག་པ་དང་གནད་ཀྱིས་ཁྱོན་ལ་སྣེ་འཁྲིད་བྱས་ཏེ་ཁྱོན་ཡོངས་ཀྱི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་བར་ངེས་པར་དུ་ལག་བསྟར་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་དགོས། ཁ་ཚ་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ་དང་། དུས་ཚོད་དམ་འཛིན། དམ་འཛིན་ནན་པོ་དང་མགྱོགས་མྱུར་བསྒྲུབ་པ། འགན་འཁྲིའི་ལས་བགོས་ལ་གཞིགས་པ་བཅས་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་བྱ་བ་རེ་རེ་བཞིན་དམ་འཛིན་བྱས་ནས་གཙོ་གནད་ལས་འགན་དང་ལས་གྲྭ་ཆེ་གྲས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོབ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།
          ཞི་ཅིན་ཕིང་གིས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་འགན་འཁྲི་ཁུར་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཉེན་ཆེའི་གནས་སུ་སྐྱོད་ཕོད་པ་དང་ཁེ་ཕན་ལ་གཏུགས་ཕོད་པ་དང། དཀའ་གནད་དང་འགག་སྒོ་ལས་སྒྲོལ་ཕོད་པ། ལམ་བུ་འཚོལ་ཞིབ་དང་བྱ་ཐབས་གསར་པ་གཏོད་ཕོད་པ་བཅས་བྱས་ནས་རྩ་འཛུགས་དོ་དམ་དང་། སྲིད་ཇུས་འཆར་འགོད། སྒྱུར་བཅོས་གལ་ཆེན། རྨང་གཞིའི་འཛུགས་སྐྲུན། ཚོད་ལྟ་དཔེ་སྟོན་སོགས་ཐད་ཀྱི་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ་དང་སྡེ་ཚན་དང་། ཁྱབ་ཁོངས། ས་ཁོངས་བཅས་སྒྲོལ་བའི་གནད་དོན་གལ་ཆེན་མཐུན་སྦྱོར་ཐག་གཅོད་བྱས་ནས་ལས་དོན་ལ་ཕན་འབྲས་དངོས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།