མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སི་ཁྲོན་བོད་རིགས་ས་ཁུལ་རྔ་པ་ཀྲོའུ་ཡི་རི་ཉིལ་བའི་ཉེན་སེལ་རྒུད་སྐྱོབ་ལས་
དོན་ལ་མཛུབ་སྟོན་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་26ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་24ཉིན་གྱི་ཆུ་ཚོད་6པ་ཙམ་ལ་སི་ཁྲོན་བོད་རིགས་ས་ཁུལ་རྔ་པ་ཀྲོའུ་མའོ་རྫོང་ཏེ་ཤེ་གྲོང་རྡལ་ཤིན་མུའོ་གྲོང་ཚོར་མཐོ་ས་ནས་རི་ཉིལ་བའི་གནོད་འཚེ་ཐོན་ནས་ཞིང་པའི་སྡོད་ཁང་40ལྷག་ཙམ་དང་མི་100ལྷག་ཙམ་ས་འོག་ཏུ་མནན་པ་དང་ཟུང་ཆུའི་ཆུ་ལག་སུང་ཕིང་ལུང་ཤུར་གྱི་ཆུ་ལམ་སྤྱི་ལེ་2ཙམ་འགག་ཡོད་པ་རེད།
          གནོད་འཚེ་ཐོན་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཕྲལ་དུ་མཛུབ་སྟོན་གལ་ཆེན་གནང་ནས་སི་ཁྲོན་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་ས་འོག་ཏུ་མནན་པའི་མི་སྣ་འཚོལ་སྐྱོབ་བྱ་རྒྱུར་སྒྲིག་འཛུགས་བྱས་ཏེ་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་པ་དང་ཞོར་ཐོན་གནོད་འཚེ་ཐོན་རྒྱུར་དོགས་ཟོན་བྱེད་པ་དང་འབྲེལ། གར་སོང་ཆ་མེད་དུ་གྱུར་བའི་མིའི་ནང་མི་དང་གནོད་འཚེ་ཕོག་མཁན་ལ་སེམས་གསོ་དང་བཀོད་སྒྲིག་གང་ལེགས་ཀྱི་ལས་དོན་གང་ལེགས་སྤེལ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་དོན་ཚོགས་ཆུང་ཉེན་སེལ་རྒུད་སྐྱོབ་ལ་ཁྲིད་སྟོན་བྱེད་པར་བཏང་ནས་གནོད་འཚེ་ཕོག་མཁན་མང་ཚོགས་ལ་འཚམས་འདྲི་བྱེད་དགོས། མིག་སྔ་ནི་ཆུ་རྒྱས་པའི་དུས་ཚིགས་ཡིན་པ་དང་ས་ཆ་མང་ཆེ་བར་ཆར་པ་ཆེན་པོ་འབབ་ཀྱི་ཡོད། དེར་བརྟེན་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གནོད་འཚེ་འགོག་ཟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མངོན་མེད་རྐྱེན་རྩ་མཐའ་དག་གྲལ་བཤེར་གྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་སྟེ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་ལས་དོན་སྒྲིག་འཛུགས་བྱས་ནས་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་པ་དང་འབྲེལ། ཉེ་འཁོར་གྱི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ་གནོད་འཚེའི་ཉེན་ཁ་འཕྲད་སྲིད་པའི་མང་ཚོགས་གང་མགྱོགས་གནས་སྤོ་བྱས་ནས་ཞོར་ཐོན་གནོད་འཚེ་མི་ཐོན་པ་བྱེད་དགོས། རི་ཉིལ་བའི་རྒྱུ་རྐྱེན་གཙོ་བོ་གསལ་པོ་བཟོས་ནས་རྗེས་འཇུག་དང་བཀོད་སྒྲིག་གི་ལས་དོན་ཡག་པོ་སྒྲུབ་དགོས། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་གྱིས་ས་གནས་ཁག་ལ་རིགས་ཁག་གི་གནོད་འཚེ་སྔོན་འགོག་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ཏན་ཏིག་བསྒྲུབ་རྒྱུར་ལྕག་སྐུལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
          ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཁེ་ཆང་གི་བླང་བྱ་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཕྲལ་མར་ལས་དོན་ཚོགས་ཆུང་གནོད་འཚེ་ཕོག་ཁུལ་དུ་ཉེན་སེལ་རྒུད་སྐྱོབ་ལས་དོན་ལ་ཁྲིད་སྟོན་བྱེད་པར་བཏང་ཡོད། སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་གནོད་འཚེ་ཕོག་ཁུལ་དུ་འཕྲལ་མར་རོགས་སྐྱོབ་ལས་དོན་སྤེལ་བར་བསྐྱོད་ཡོད། སི་ཁྲོན་ཞིང་ཆེན་དང་རྔ་པ་ཀྲོའུ་ཡིས་ས་གཤིས་གནོད་འཚེའི་རིམ་པ་དང་པོའི་འཕྲལ་སྡོམ་བརྡ་ལན་སྤེལ་ཡོད། མིག་སྔར་ཉེན་སེལ་རྒུད་སྐྱོབ་ལས་དོན་གོ་རིམ་ལྡན་ལ་ཛ་དྲག་ངང་སྤེལ་བཞིན་ཡོད་པ་རེད།