མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་《ཀྲུང་དབྱང་གི་ཐད་སྐྱོང་མཐོ་སློབ་31གི་
ཏང་ཨུད་ལ་སྐོར་གཟིགས་བྱས་པའི་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུར་》གྲོས་ཞིབ་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་30ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་6ཚེས་28ཉིན་ཚོགས་འདུ་འཚོགས་ནས་《ཀྲུང་དབྱང་གི་ཐད་སྐྱོང་མཐོ་སློབ་31གི་ཏང་ཨུད་ལ་སྐོར་གཟིགས་བྱས་པའི་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུར་》གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
           ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་གཟིགས་ལས་དོན་ལ་མཐོང་ཆེན་བྱས་ཏེ་ཕྱོགས་ཡོངས་ནས་སྐོར་གཟིགས་ཀྱི་ལག་ལེན་དང་། རིགས་པའི་གཞུང་ལུགས། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་བཏང་ཡོད། སྐོར་གཟིགས་ལོ་5བྱས་པ་བརྒྱུད་ཟིལ་ཤུགས་དེ་བས་ཆེ་རུ་ཕྱིན་ཏེ་ཏང་ནང་ཁུལ་གྱི་ལྟ་སྐུལ་ལམ་ལུགས་ཅན་དུ་འགྱུར་བའི་གྲུབ་འབྲས་གལ་ཆེན་དུ་གྱུར་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
          ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྐོར་གཟིགས་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ནས་རྩ་འཛུགས་ཀྱི་ལམ་ལུགས་དང་བྱེད་སྟངས་དང་ཐབས་ཤེས་སྔར་བས་གསར་གཏོད་ཀྱིས་སྐོར་གཟིགས་ལས་དོན་དེ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།
          ཚོགས་འདུའི་ཐོག་བསྟན་དོན། རང་རྒྱལ་གྱི་མཐོ་སློབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གཏོད་མཁན་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་འགན་འཁྲི་ལྕི་པོ་འཁུར་ཡོད་པས་མར་ཁེ་སི་རིང་ལུགས་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་གཡུལ་ས་གལ་ཆེན་ཞིག་རེད། སྐོར་གཟིགས་ཚོགས་པས་ཀྲུང་དབྱང་རྩ་འཛུགས་པུའི་ཁོངས་གཏོགས་ཀྱི་མཐོ་སློབ་31ལ་ཕྱོགས་ཡོངས་ནས་ཆབ་སྲིད་ཞིབ་བཤེར་བྱས་ནས་ཏང་གིས་མཐོ་སློབ་ལ་འགོ་འཁྲིད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། མཐོ་སློབ་ཀྱི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དང་སློབ་གཉེར་སློབ་སྐྱོང་གི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ། རྩ་ལག་མཉམ་བཅོས་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ཡོད།
           ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མཐོ་སློབ་སློབ་གསོ་ཡག་པོ་གཉེར་དགོས་ན་ངེས་པར་དུ་དར་ཆ་གསལ་སྟོན་གྱིས་ཏང་གིས་མཐོ་སློབ་ལས་དོན་ལ་འགོ་འཁྲིད་རྒྱུ་མཐའ་འཁྱོངས་བྱེད་དགོས། མཐོ་སློབ་ཏང་ཨུད་ཀྱིས“འདུ་ཤེས་བཞིར”ཤུགས་སྣོན་བརྒྱབ་ནས་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་དང་སློབ་གཉེར་སློབ་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། “གདེང་ཚོད་བཞི”བརྟན་དུ་བཏང་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་དང་སྲིད་ཇུས་ལག་ལེན་བསྟར་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་དེ་གཞི་རྩའི་ལས་འགན་དུ་བརྩིས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་དགོས། མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་སྒྲིག་གཞི་དང་ལམ་སྲོལ་དང་། བྱེད་སྟངས་དང་བྱ་ཐབས་གསར་གཏོད་བྱས་ནས་ཏང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་དང་སྡེ་ཚན་ཁག་དང་ཕྱོགས་ཁག་གིས་མཉམ་འཛིན་སྤྱི་སྒྲུབ་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་སྟེ་ཏང་འཛུགས་སྐྱོང་ལས་ཀའི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་ནུས་ལྡན་ངང་འདོན་སྤེལ་བྱེད་དགོས། སྐོར་གཟིགས་བཅོས་སྒྲིག་བྱ་རྒྱུ་དེ་གོ་སྐབས་སུ་བཟུང་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་བཏང་སྟེ་མཐོ་སློབ་ཀྱི་འགོ་ཁྲིད་ཚན་ཁག་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྱོད་གཙང་ཐད་ཀྱི་ཉེན་ཁ་ཏན་ཏིག་ངང་འགོག་སྲུང་གིས་སྤྱོད་གཙང་གཞུང་དྲང་གི་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཁོར་ཡུག་གཏོད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མཐོ་སློབ་སྒྱུར་བཅོས་གཏིང་ཟབ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཉིས་ཟུང་འབྲེལ་བྱས་ཏེ་འགན་འཁྲི་ཁ་གསལ་དང་། ལམ་ལུགས་འཐུས་ཚང་། སྐྱོན་ཆ་གསབ་པ་བཅས་བྱས་ནས་མཐོ་སློབ་སློབ་གསོའི་བྱ་གཞག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུའི་འགན་ལེན་གྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་ཤེས་ལྡན་པའི་འགན་ལེན་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱེད་ཐུབ་པ་བྱེད་དགོས།
           ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་ལ་ཞིབ་འཇུག་བྱས་པ་རེད།