མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་《ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་མཉམ་ལས་གཏིང་ཟབ་ཏུ་
བཏང་ནས་མཚོ་ཁུག་ཆེ་མོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྒྲོམ་གཞིའི་གྲོས་
མཐུན་》ལ་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་03ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་1ཉིན་གྱི་སྔ་དྲོ་《ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མཚོ་ཁུག་ཆེ་མོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྒྲོམ་གཞིའི་གྲོས་མཐུན་》ལ་ཤང་ཀང་དུ་མིང་རྟགས་བཀོད་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་ཡོད་པ་རེད།
         ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཆེ་མོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་ནང་ས་དང་ཤང་ཀང་དང་ཨའོ་མོན་གྱི་སྤེལ་རེས་དང་མཉམ་ལས་ཟབ་ཏུ་གཏོང་རྒྱུར་ཕན་པ་ཡོད་ལ། ཤང་ཀང་དང་ཨའོ་མོན་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ནང་ཞུགས་རྒྱུ་དང་། འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ། ཡུན་རིང་དར་རྒྱས་དང་བརྟན་ལྷིང་རྒྱུན་འཁྱོངས་བྱ་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།
          ཞི་ཅིན་ཕིང་གི་བདེན་དཔང་འོག ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲི་ཨན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ལི་ཧྥུང་། ཀོང་ཏུང་ཞིང་ཆེན་གྱི་ཧྲེང་ཀྲང་མཱ་ཤིན་རུའེ་བཅས་ཀྱིས་《ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མཚོ་ཁུག་ཆེ་མོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྒྲོམ་གཞིའི་གྲོས་མཐུན་》ལ་ཐུན་མོང་ཐོག་མིང་རྟགས་བཀོད་གནང་བ་རེད།
          གྲོས་མཐུན་གཞིར་བཟུང་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ས་གནས་གསུམ་གྱིས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་དང་གསར་གཏོད་བྱེད་པ་དང་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་འབྲེལ་བར་སྐུལ་འདེད་བཏང་སྟེ་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཆེ་མོ་དེ་དེ་བས་གསོན་ཤུགས་འཕེལ་བའི་དཔལ་འབྱོར་ཁུལ་དང་། སྡོད་མལ་དང་འཚམ་པ་དང་། ལས་ཞུགས་དང་འཚམ་པ། ཡུལ་སྐོར་དང་འཚམ་པ་བཅས་ཀྱི་སྤུས་ལེགས་ཀྱི་འཚོ་བ་སྐྱེལ་ཁུལ་དང་ནང་ས་དང་ཤང་ཀང་དང་ཨའོ་མོན་གྱི་མཉམ་ལས་ཟབ་གཏོང་གི་དཔེ་སྟོན་ཁུལ་དུ་བསྐྲུན་ཏེ་རྒྱལ་སྤྱིའི་རྩེར་སོན་མཚོ་ཁུག་དང་འཛམ་གླིང་རིམ་པའི་གྲོང་ཁྱེར་གྱི་ཚོགས་ཤིག་ཐུན་མོང་ཐོག་གཏོད་རྒྱུ་རེད།