མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སིང་ཀ་ཕོར་གྱི་ཙུང་ལི་ལི་ཤན་ལུང་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་08ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་སིང་ཀ་ཕོར་གྱི་ཙུང་ལི་ལི་ཤན་ལུང་དང་མཇལ་འཛོམས་གནང་བ།

            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་6ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧན་པའོ་རུ་སིང་ཀ་ཕོར་གྱི་ཙུང་ལི་ལི་ཤན་ལུང་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོ་དང་སིང་ཀ་ཕོར་གྱི་སྲོལ་རྒྱུན་མཛའ་གྲོགས་དང་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་དུས་བསྟུན་འཕེལ་རྒྱས་དང་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་མིག་དཔེ་ལྟ་བའི་མཉམ་ལས་ལམ་བུའི་ཐོག་བསྐྱོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་དང་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་སིང་ཀ་ཕོར་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་དུས་བསྟུན་འཕེལ་རྒྱས་ཀྱི་ཕྱོགས་མང་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བར་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོ་དང་སིང་ཀ་ཕོར་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་རབས་རྒན་གྲས་ཀྱིས་བཞག་པའི་སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་བྱས་ཏེ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་མིག་རྒྱང་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱས་ཏེ་ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་པ་དང་། མཉམ་ལས་ཀྱི་བསམ་ཕྱོགས་གཏོད་པ་དང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུའི་བསམ་ཤེས་དྲན་ཐོར་སྐུལ་འདེད་གཏོང་རྒྱུ་དོན་འཁྱོལ་ཡག་པོ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་མཐུད་སྦྲེལ་དང་། དཔལ་འབྱོར་ཚོང་དོན་མ་འཇོག དངུལ་རྩ་མཉམ་ལས་བཅས་ཟབ་ཏུ་གཏོང་བ། སྲིད་གཞུང་དབར་གྱི་མཉམ་ལས་རྣམ་གྲངས་ཆེ་གྲས་ཡག་པོ་བསྐྲུན་ནས་དྲ་སྦྲེལ་དང་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ལོ་ཆུང་དང་སློབ་ཆེན་སློབ་མའི་དབར་སྤེལ་རེས་ཡག་པོ་བྱེད་པ་དང་མི་སྣ་ཕན་ཚུན་འགྲོ་འོང་བྱེད་ཚད་མང་དུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལེགས་སུ་གཏོང་ཆེད་ལེགས་སྐྱེས་འབུལ་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་དབར་གྱི་འབྲེལ་བའི་མཐུན་སྦྱོར་རྒྱལ་ཁབ་ཀྱི་འགན་འཁུར་མཁན་སིང་ཀ་ཕོར་གྱིས་ཕྱི་ལོ་ད་དུང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་ཕྱོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དང་སིང་ཀ་ཕོར་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་སྣེ་ཁྲིད་དེ་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོའི་དངོས་གཉེར་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ཐུན་མོང་ཐོག་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྣེ་ཁྲིད་དེ་དེ་བས་ཟབ་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་གནའ་འབྲེལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
           ལི་ཤན་ལུང་གིས་འདས་ཟིན་པའི་ལོ་ཟླའི་ནང་སིང་ཀ་ཕོར་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་གསར་པ་བྱུང་ཡོད། མིག་སྔའི་ཛ་དྲག་རྙོག་འཛིང་གི་རྒྱལ་སྤྱིའི་དུས་བབ་འོག་སིང་ཀ་ཕོར་དང་ཀྲུང་གོས་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་རྒྱུ་དེ་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། སིང་ཀ་ཕོར་གྱིས“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་དང་དེའི་ནང་ཧུར་ཐག་ཞུགས་རྒྱུ་དང་སྲིད་གཞུང་དབར་གྱི་རྣམ་གྲངས་ཆེ་གྲས་དོན་འཁྱོལ་ཡག་པོ་བྱས་ཏེ་ཀྲུང་གོ་ཕྱོགས་དང་དངུལ་རྩ་དང་། མྱུར་བགྲོད་ལྕགས་ལམ། རང་མོས་ཚོང་དོན་ཁུལ་སྐྲུན་རྒྱུ་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་རྒྱ་ཆེར་གཏོང་རྒྱུ་ཡིན། སིང་ཀ་ཕོར་གྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་འབྲེལ་བར་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་བཤད།