མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི་ཧྲུའར་ཚེ་དང་མཇལ་
འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་08ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི་ཧྲུའར་ཚེ་དང་མཇལ་
འཛོམས་གནང་བ།

            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེར་ལིན་དུ་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི་ཧྲུའར་ཚེ་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོ་དང་འཇར་མན་ནི་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་གལ་ཆེན་དང་རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཤུགས་ཆེ་བའི་རྒྱལ་ཁབ་ཆེན་པོ་གཉིས་རེད། ཀྲུང་གོ་དང་འཇར་མན་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་45སོང་རིང་། རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་མི་སྣའི་ཐུན་མོང་གི་འབད་བརྩོན་འོག་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། ད་ཆ་ཀྲུང་གོ་དང་འཇར་མན་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པ་མ་ཟད་དངོས་སྒྲུབ་མཉམ་ལས་ཀྱང་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་མཉམ་ལས་ཀྱི་མདུན་གྲལ་དུ་སླེབས་ཡོད། ངས་ད་རེས་འཇར་མན་ལ་རྒྱལ་དོན་འཚམས་འདྲི་བྱས་པ་ཧ་ཅང་གྲུབ་འབྲས་ལྡན་པ་ཞིག་བྱུང་། ཕྱོགས་གཉིས་པོའི་དབར་ཐུན་མོང་གི་ངོས་འཛིན་གསར་པ་དང་གྲུབ་འབྲས་དངོས་མི་ཉུང་བ་ཞིག་ཐོབ་པ་དེས་ཀྲུང་གོ་དང་འཇར་མན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཆར་བཀོད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཕན་གྱི་ཟུར་ཚད་ཐོག་ནས་ཀྲུང་གོ་དང་འཇར་མན་དབར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་གོང་འཕེལ་གཏོང་གི་ཡོད། འཇར་མན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་འཇར་འབྲེལ་བ་རྒྱུན་ཆད་མེད་པར་མཐོ་ཚད་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གིས་ཀྲུང་འཇར་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུའི་ཐད་ཕུལ་བའི་དགེ་མཚན་ལྡན་པའི་ལེགས་སྐྱེས་ལ་གདེང་འཇོག་གང་ལེགས་གནང་བ་དང་། ཁོང་གིས་ཏང་དབར་གྱི་འབྲེལ་བས་ཕྱོགས་གཉིས་པོའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་དམིགས་བསལ་གྱི་ནུས་པ་གལ་ཆེན་ཐོན་གྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་དང་སྔར་ནས་ད་བར་འགྲོ་འོང་ཡག་པོ་དང་མཉམ་ལས་རྒྱུན་འཁྱོངས་བྱས་པ་དེས་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་དབར་ཕན་ཚུན་རྒྱུས་མངའ་ལོན་ཚད་དང་ཡིད་ཆེས་བྱེད་ཚད་ཟབ་ཏུ་ཕྱིན་ཡོད་ཅེས་གསུངས་པ་རེད།
          ཧྲུའར་ཚེས་འཇར་མན་གྱིས་མིག་སྔའི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ཀྲུང་གོའི་ནུས་པར་མཐོང་ཆེན་བྱེད་ཀྱི་ཡོད། འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གིས་ལོ་བཅུ་ཕྲག་ཁ་ཤས་རིང་ཀྲུང་གོ་གུང་ཁྲན་ཏང་དང་འབྲེལ་བ་གོང་འཕེལ་གཏོང་བ་དང་འཇར་ཀྲུང་གི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ཡོད། སྤྱི་ཚོགས་དམངས་གཙོ་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱེད་ཀྱི་ཡོད། དུས་བབ་གསར་པའི་འོག སྤྱི་ཚོགས་དམངས་གཙོ་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་འཇར་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།