མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཚོང་དོན་པུའུ་དང་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་བཟའ་བཏུང་ལས་
རིགས་ཀྱིས“ཧུར་བསྲི་གྲོན་ཆུང་ནན་པོ་དང་བཟའ་བཏུང་འཕྲོ་བརླག་ལ་ངོ་རྒོལ་
བྱེད་པའི”ལས་དོན་སྤེལ་རྒྱུར་བཀོད་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་14ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཚོང་དོན་པུའུ་དང་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས་བཟའ་བཏུང་ལས་རིགས་ཀྱིས“ཧུར་བསྲི་གྲོན་ཆུང་ནན་པོ་དང་བཟའ་བཏུང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི”ལས་དོན་གཏིང་ཟབ་སྤེལ་རྒྱུར་བཀོད་སྒྲིག་བྱས་ཏེ་སྤྱི་ཚོགས་ཡོངས་ལ་ལྗང་མདོག་འཚོ་བ་དར་སྤེལ་གཏོང་བ་དང་རྒྱས་སྤྲོས་འཕྲོ་བརླག་ལ་ངོ་རྒོལ་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད།
          《བརྡ་ཐོའི་》ནང་། མིག་སྔར་གསོལ་མགྲོན་ཁང་དང་ཚན་པ་འགའ་ཞིག་ཏུ་སྔར་བཞིན་སྟོན་མོ་གཤོམ་སྐབས་འཕྲོ་བརླག་གཏོང་བ་དང་། གདམ་ཟས་འཕྲོ་བརླག་གཏོང་བ། ལས་ཁུངས་ཟ་ཁང་གི་ཟ་མ་འཕྲོ་བརླག་གཏོང་བ་སོགས་ཀྱི་སྣང་ཚུལ་ལ་དམིགས་ཏེ“སྡེར་གཙང་བྱ་སྤྱོད”མུ་མཐུད་གཏིང་ཟབ་སྤེལ་བ་དང་སྟོན་མོ་གཤོམ་སྐབས་འཕྲོ་བརླག་གཏོང་རྒྱུར་ངོ་རྒོལ་བྱས་ནས་བཟའ་བཏུང་ལ་གྲོན་ཆུང་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་དགོས། རིམ་ཁག་བཟའ་བཏུང་ལས་རིགས་མཐུན་ཚོགས་ཀྱིས་རྗེས་སུ་སྙེག་པ་དང་གྲོས་འགོ་འདོན་པའི་ཐོག་ལས་རིགས་ཀྱི་རང་གཅུན་ལ་མུ་མཐུད་སྐུལ་འདེད་བཏང་ནས་《སྟོན་མོའི་ཞབས་ཞུའི་ཚད་གཞི་》དང་《གདམ་ཟས་ཞབས་ཞུའི་དོ་དམ་ཚད་གཞི་》སོགས་ཀྱི་འབྲེལ་ཡོད་ཚད་གཞི་བཟོ་བ་དང་བཟའ་བཏུང་ལས་རིགས་ཀྱི་སྤྱི་ཆིངས་བཟོས་ནས་བཟའ་བཏུང་ལས་རིགས་ཀྱི་ལྗང་མདོག་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་དགོས། བཟའ་བཏུང་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་ལེན་ཧུར་ཐག་བསྟར་ནས་ཞབས་ཞུ་ཚད་ལྡན་དུ་གཏོང་བ་དང་གྲོན་ཆུང་བྱེད་ནུས་ཆེ་རུ་བཏང་སྟེ་གཞུང་ཁོངས་བཟའ་བཏུང་ཁེ་ལས་ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས་པ་བསྟན་ཡོད།
          《བརྡ་ཐོའི་》ནང་། བཟའ་བཏུང་ལ་གྲོན་ཆུང་བྱེད་པ་ལས་རིགས་ཀྱི་ཀུན་སྤྱོད་དང་། སྤྱི་ཚོགས་ཀྱི་སྤྱོད་བཟང་། ཁྱིམ་ཚང་གི་སྤྱོད་བཟང་། སྒེར་གྱི་ཀུན་སྤྱོད་སློབ་གསོ་བཅས་ཀྱི་ནང་དོན་གལ་ཆེན་དུ་བརྩིས་ནས་ཧུར་བསྲི་གྲོན་ཆུང་གི་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ཏེ་བཟའ་བཏུང་གྲོན་ཆུང་གི་གོམས་གཤིས་འཇག་རྒྱུར་སྐུལ་མ་གཏོང་དགོས། ས་གནས་ཁག་གིས་སོ་སོའི་དོན་དངོས་དང་འཚམ་པའི་བཟའ་བཏུང་གྲོན་ཆུང་ལས་དོན་གྱི་ཇུས་གཞི་བཟོ་རྒྱུར་མགྱོགས་མྱུར་ཞིབ་འཇུག་བྱས་ཏེ་ལས་ཀའི་ལམ་སྲོལ་དང་འགན་ལེན་བྱེད་ཐབས་འཐུས་ཚང་དུ་བཏང་ནས་ཞིབ་བཤེར་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཤེས་དཔལ་གྲོང་ཁྱེར་དང་ཤེས་དཔལ་ཚན་པས་བྱ་སྤྱོད་ཧུར་ཐག་སྤེལ་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས། ས་གནས་ཁག་གི་ཚོང་དོན་དོ་དམ་སྡེ་ཚན་དང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་བཟའ་བཏུང་ལས་རིགས་ཀྱིས“ཧུར་བསྲི་གྲོན་ཆུང་ནན་པོ་དང་བཟའ་བཏུང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི”ལས་དོན་སྤེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་དུ་བརྩིས་ནས་སྒྲིག་འཛུགས་ཞིབ་ཚགས་དང་མཉམ་ཤུགས་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།