མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཤང་ཀང་མཐོ་རིམ་ཁྲིམས་ཁང་གིས་ལུའོ་ཀོན་ཚུང་དང་། ལེང་གོ་ཞུང་། ལིའུ་ཞའོ་ལིད། ཡའོ་སུང་
ཡན་བཅས་ཀྱི་གྲོས་མིའི་ཐོབ་ཐང་མེད་པར་བཟོ་རྒྱུའི་ཁྲུན་ཐག་བཅད་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་16ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་14ཉིན་ཤང་ཀང་མཐོ་རིམ་ཁྲིམས་ཁང་གིས་ཡིག་ཐོག་གི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཏེ་ལུའོ་ཀོན་ཚུང་དང་། ལེང་གོ་ཞུང་། ལིའུ་ཞའོ་ལིད། ཡའོ་སུང་ཡན་བཅས་གྲོས་མི་བཞི་པོའི་དམ་བཅར་བཅའ་ཁྲིམས་ཀྱི་ནུས་པ་ཐོན་མེད་པས་གྲོས་མིའི་ཐོབ་ཐང་མེད་པར་བཟོ་རྒྱུའི་ཁྲུན་ཐག་བཅད་པ་རེད།
         དེ་ཉིན་ཕྱི་དྲོ་མཐོ་རིམ་ཁྲིམས་ཁང་གིས་འདྲི་གཅོད་ཉན་པའི་ཁྲིམས་ར་འཚོགས་ཏེ། གཏུག་བཤེར་ཁྲིམས་ཁང་དང་པོའི་ཁྲིམས་དཔོན་ཆུས་ཆིང་ཞང་གིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ཁྲིམས་དོན་སིས་གོང་གསལ་གྱི་མི་བཞི་པོར་བཏོན་པའི་ཁྲིམས་འཛིན་བསྐྱར་བཤེར་གྱོད་གཞིར་ཁྲིམས་ཐག་བཅད་པ་རེད། ཁྲིམས་ཁང་གིས་ཁྱབ་བསྒྲགས་བྱས་པའི་བཅད་ཁྲར་གཞིགས་ན། ཁྲིམས་ཁང་ནས་ལུའོ་ཀོན་ཚུང་དང་། ལེང་གོ་ཞུང་། ལིའུ་ཞའོ་ལིད། ཡའོ་སུང་ཡན་བཅས་ཀྱི་དམ་བཅའི་ཚིག་ཁྲིམས་དང་མི་མཐུན་པ་དང་གོ་མི་ཆོད་པ་མ་ཟད། 2016ལོའི་ཟླ་10ཚེས་12ཉིན་ནས་བཟུང་ཁྲིམས་འཛུཌ་ཨུ་ལྷན་གྱི་གྲོས་མིའི་ཐོབ་ཐང་མེད་པར་གྱུར་ཟིན་ཅེས་ཁྲུན་ཐག་བཅད་པ་རེད།
          བཅད་ཁྲའི་ནང་ད་དུང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་2016ལོའི་ཟླ་12པར་ཡོངས་བསྒྲགས་བྱས་ནས་བཅའ་ཁྲིམས་ཀྱི་གོ་རིམ་དེ་རིགས་སྤེལ་བའི་གཏན་འབེབས་ནི་རང་ཚུགས་ཀྱི་ཁྲིམས་རྩོད་པ་ཆེ་མོའི་བཅའ་ཁྲིམས་བསམ་འཆར་ཚུད་པའི་བཅའ་ཁྲིམས་ཀྱི་བསམ་འཆར་ལ་གཞིགས་པ་རང་ཡིན་ཞེས་གསལ་བཤད་བྱས་པ་ཁྲིམས་ཁང་ནས་དོ་སྣང་བྱུང་ཞེས་འཁོད་ཡོད་པ་རེད།