མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དབུས་ནུབ་རྒྱུད་ཀྱི་ཁྲིམས་རྩོད་པ་དཀོན་པའི་ཆུས་དང་རྫོང་170ལ་བཅའ་ཁྲིམས་རོགས་
སྐྱོར་དང་བླངས་པ་242འབྱོར་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་17ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། 2017ལོའི་ལོ་འཁོར་གྱི“1+1”ཀྲུང་གོའི་བཅའ་ཁྲིམས་རོགས་སྐྱོར་དང་བླངས་པའི་བྱ་སྤྱོད་ཉེ་དུས་པེ་ཅིང་དུ་སྤེལ་འགོ་ཚུགས་ཤིང་། བཅའ་ཁྲིམས་ཆེད་ལས་ཀྱི་ཤེས་ལྡན་མི་སྣ་242ཤིན་ཅང་དང་། ཀུའེ་ཀྲོའུ། བོད་སོགས་ཞིང་(ལྗོངས་དང)གྲོང་ཁྱེར་14དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིན་ཐོན་གྱི་ཆུས་དང་རྫོང་170ལྷག་ཙམ་དུ་བསྐྱོད་ནས་དུས་ཡུན་ལོ་གཅིག་གི་བཅའ་ཁྲིམས་རོགས་སྐྱོར་དང་བླངས་ཞབས་ཞུའི་ལས་དོན་སྤེལ་རྒྱུ་ཡིན་པ་རེད།
         “1+1”ཀྲུང་གོའི་བཅའ་ཁྲིམས་རོགས་སྐྱོར་དང་བླངས་པའི་བྱ་སྤྱོད་དེ་ནི་ཁྲིམས་འཛིན་པུའུ་དང་སྡེ་ཚོགས་ཀྲུང་དབྱང་གིས་2009ལོར་མཉམ་དུ་སྤེལ་བ་ཞིག་དང་ཀྲུང་གོ་བཅའ་ཁྲིམས་རོགས་སྐྱོར་ཐེབས་རྩ་ཚོགས་པ་མཉམ་དུ་ཁྲིམས་འཛིན་པུའི་བཅའ་ཁྲིམས་གཞུང་དཔང་ལས་དོན་མཛུབ་ཁྲིད་སི་དང་། ཁྲིམས་འཛིན་པུའི་བཅའ་ཁྲིམས་རོགས་སྐྱོར་ལས་དོན་སི། ཁྲིམས་འཛིན་པུའི་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས། ཀྲུང་ཧྭ་རྒྱལ་ཡོངས་ཁྲིམས་རྩོད་མཐུན་ཚོགས་དང་སྡེ་ཚོགས་ཀྲུང་དབྱང་གཞོན་ནུ་དང་བླངས་པའི་ལས་དོན་པུའུ་བཅས་ཀྱིས་གཉེར་བའི་བཅའ་ཁྲིམས་རོགས་སྐྱོར་སྤྱི་ཕན་རྣམ་གྲངས་ཆེ་གྲས་ཤིག་རེད། རྣམ་གྲངས་དེས་ལོ་ལྟར་ཁྲིམས་རྩོད་དང་བླངས་པ་དང་། སློབ་གྲྭ་ཆེ་མོ་བའི་དང་བླངས་པ། གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་པ་བཅས་ཁག་གཅིག་སྒྲིག་འཛུགས་བྱས་ཏེ་དབུས་ནུབ་རྒྱུད་ཀྱི་ཁྲིམས་རྩོད་པ་མེད་པའི་རྫོང་དང་ཁྲིམས་རྩོད་པ་དཀོན་པའི་རྫོང་དབུལ་པོར་ཞབས་ཞུ་ལོ་གཅིག་བྱས་ཏེ་ས་གནས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུའི་ལས་དོན་སྤེལ་རྒྱུ་རེད།
          གསར་འགོད་པར་ཤེས་རྟོགས་བྱུང་བར། 2016ལོར“1+1”བྱ་སྤྱོད་ཀྱི་དང་བླངས་པ་ཁྱོན་202ཀུའེ་ཀྲོའུ་དང་། ཡུན་ནན། མཚོ་སྔོན་སོགས་ཞིང་(ལྗོངས)ཀྱི་རྫོང་དང་ཆུས་130ལ་བསྐྱོད་དེ་བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུའི་ལས་དོན་སྤེལ་ནས་ཁྱོན་རིགས་ཁག་གི་བཅའ་ཁྲིམས་རོགས་སྐྱོར་གྱོད་གཞི་5600ལྷག་ཙམ་སྒྲུབ་གཉེར་བྱས་པ་དང་། སྤྱི་ཚོགས་ཀྱི་འགལ་ཟླ་སྣ་ཚོགས་2742བསལ་བ། མི་ཐེངས་97700ལྷག་གིས་བཅའ་ཁྲིམས་བློ་འདྲི་བྱས་པར་ལན་བརྒྱབ་པ་བཅས་བྱས་པས་རོགས་སྐྱོར་བྱ་ཡུལ་ལ་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་5.7ལྷག་ཙམ་མི་ཕོག་པ་བྱུང་བ་དང་ལས་ཁུངས་དང་། སློབ་གྲྭ། སྡེ་ཁུལ། གྲོང་གསེབ། ཁེ་ལས། དམག་སྒར། རླུང་འཕྲིན་ལས་ཁུངས། ལྟ་སྐུལ་དོ་དམ་བྱ་ཡུལ་སོགས་སུ་ཆེད་དོན་བཅའ་ཁྲིམས་ཤེས་བྱ་འཆད་འཁྲིད་ཐེངས་1517ལྷག་ཙམ་བྱས་པ་རེད།
           ཁྲིམས་འཛིན་པུའི་བསྡོམས་རྩིས་ལ་གཞིགས་ན། 2009ལོ་ནས་བཟུང“1+1”ཀྲུང་གོའི་བཅའ་ཁྲིམས་རོགས་སྐྱོར་དང་བླངས་པའི་བྱ་སྤྱོད་ཀྱིས་ལོ་བརྒྱད་བསྟུད་མར་དབུས་ནུབ་རྒྱུད་ས་ཁུལ་གྱི་ཆུས་དང་རྫོང་392ལ་བཅའ་ཁྲིམས་རོགས་སྐྱོར་གྱི་དང་བླངས་པ་མི་ཐེངས་1300ལྷག་ཙམ་བཏང་བ་དང་གྱོད་གཞི་ཁྲི་5.4སྒྲུབ་རོགས་བྱས་པ་མ་ཟད། བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་དང་ཁྲིམས་སྐྱོང་འཆད་འཁྲིད་ཐེངས་ཁྲི་1.8ལྷག་བྱས་པ་དང་འབྲེལ་དཀའ་ངལ་ཡོད་པའི་མང་ཚོགས་ལ་བཅས་ཁྲིམས་ཀྱི་ཞབས་ཞུའི་ལས་དོན་སྤེལ་བ་དང་ཚོགས་སྤྱིའི་རང་བཞིན་གྱི་འགལ་ཟླ་དང་རྩོད་གཞི་མང་པོ་ཞིག་ཐག་གཅོད་བྱས་པར་བརྟེན་མང་ཚོགས་ཁྲི་1570ལྷག་ལ་ཕན་པ་ཐོབ་པ་མ་ཟད། མང་ཚོགས་ལ་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་30ཙམ་མི་ཕོག་པ་བྱུང་ཡོད།
            འགོ་འཛུགས་མཛད་སྒོའི་ཐོག་ཁྲིམས་འཛིན་པུའི་པུའུ་ཀྲང་གཞོན་པ་ཞུང་ཤན་གོ་ཡིས“1+1”བྱ་སྤྱོད་ནི་སྤྱི་དམངས་ལ་འདྲ་མཉམ་ངང་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་རྒྱུ་དང་མི་དམངས་མང་ཚོགས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་དང་གཞི་རྩའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ཆ་སྙོམས་ཅན་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་པས་རྒྱ་ཆེའི་དང་བླངས་པ་ཚོས་བཅའ་ཁྲིམས་ཀྱི་རོགས་སྐྱོར་གྱོད་གཞི་ཚང་མ་ནན་ཏན་ངང་སྒྲུབ་པ་དང་། བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་ལས་དོན་ཚང་མ་ཡག་པོ་སྒྲུབ་པ། བཅའ་ཁྲིམས་ཀྱི་ཇུས་འདྲི་བ་ཡག་པོ་ཞིག་བྱེད་པ། རྒྱུད་རོགས་ཁྲིད་གསུམ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། ས་གནས་ལ་བཅའ་ཁྲིམས་ཀྱི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་རོགས་བཅས་བྱས་ཏེ་བཅའ་ཁྲིམས་རོགས་སྐྱོར་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།