མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཡིག་བསྐུར་ངོ་བཅར་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་21ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཡིག་བསྐུར་ངོ་བཅར་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་སྟེ་རྒྱལ་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་འབྲེལ། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཡང་ཞུས་པ་རེད།
         ཞི་ཅིན་ཕིང་གིས་ཉེ་བའི་ལོ་ཤས་རིང་རྒྱལ་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་ཁོངས་གཏོགས་ཀྱིས་ལས་དོན་ཏན་ཏིག་བསྒྲུབས་པ་དང་རྒྱ་ཆེའི་ཡིག་བསྐུར་ངོ་བཅར་ལས་བྱེད་པས་དཀའ་སྤྱད་འབད་བརྩོན་བྱས་ཏེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གྱི་གནད་དོན་འབོར་ཆེན་ཐག་གཅོད་བྱ་རྒྱུར་སྐུལ་མ་བཏང་བ་མ་ཟད། ད་དུང་སྒྱུར་འཕེལ་བརྟན་གསུམ་སྲུང་སྐྱོང་བྱེད་པའི་སྤྱི་ཡོངས་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འགོ་ཁྲིད་ལས་བྱེད་པས་ཡིག་བསྐུར་ངོ་བཅར་ལས་དོན་དེ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་ཀྱི་ཁེ་ཕན་སྲུང་སྐྱོང་། དམངས་སེམས་གཅིག་སྒྲིལ་བཅས་བྱེད་པའི་ལས་དོན་གལ་ཆེན་ཞིག་ཏུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཀྱི་དཀའ་ངལ་སེལ་དགོས། མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཁྲིམས་བཞིན་དུས་ཐོག་དང་ས་ཆ་དེ་རང་དུ་ཐག་གཅོད་ཏན་ཏིག་བྱེད་པ་དང་། འབྱུང་རྩ་ནས་སྔོན་འགོག་བྱ་རྒྱུར་སྣང་ཆེན་བྱེད་པ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ། ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཐག་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ལས་དོན་གྱི་སྔོན་མཐོང་རང་བཞིན་དང་། བརྒྱུད་རིམ་རང་བཞིན། དམིགས་སའི་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཡིག་བསྐུར་ངོ་བཅར་གནད་དོན་ཐག་གཅོད་བྱེད་པའི་བརྒྱུད་རིམ་དེ་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བ་དང་། མང་ཚོགས་ལས་དོན་ཡག་པོ་སྒྲུབ་པའི་བརྒྱུད་རིམ་དུ་འགྱུར་བ་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་ཡིག་བསྐུར་ངོ་བཅར་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཡིག་བསྐུར་ངོ་བཅར་ལས་བྱེད་པར་སེམས་ཁུར་དང་། རྒྱབ་སྐྱོར། གཅེས་སྐྱོང་བཅས་བྱེད་པ་དང་ཆབས་ཅིག་ཏང་ལ་ལྷག་བསམ་ཟོལ་མེད་བྱེད་པ་དང་། དམངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་སྲུང་བ། མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཡིག་བསྐུར་ངོ་བཅར་གྱི་ལས་དོན་དཔུང་ཁག་གཅིག་བཙུགས་ནས་ཡིག་བསྐུར་ངོ་བཅར་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།