མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་ཀྲུང་གོ་གནམ་བདག་ཆོས་ལུགས་རྒྱལ་གཅེས་ལྷན་ཚོགས་བཙུགས་ནས་
ལོ་60འཁོར་བའི་དྲན་གསོའི་ཚོགས་འདུར་ཞུགས་མཁན་འཐུས་མིར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་21ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་19ཉིན་ཀྲུང་གོ་གནམ་བདག་ཆོས་ལུགས་རྒྱལ་གཅེས་ལྷན་ཚོགས་བཙུགས་ནས་ལོ་60འཁོར་བའི་དྲན་གསོའི་ཚོགས་འདུ་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཀྲུང་གོ་གནམ་བདག་ཆོས་ལུགས་རྒྱལ་གཅེས་ལྷན་ཚོགས་དང་ཀྲུང་གོ་གནམ་བདག་ཆོས་ལུགས་ཀྱི་ཆོས་དཔོན་གཙོ་བོའི་ཚོགས་པའི་འགན་འཁུར་བར་མཇལ་འཕྲད་གནང་བ་དང་འབྲེལ་དྲན་གསོའི་བྱེད་སྒོར་ཞུགས་མཁན་འཐུས་མི་ཡོངས་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
         ཡུས་ཀྲེང་ཧྲེང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ལ་མཐོང་ཆེན་པོ་གནང་ནས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ་སོགས་ཚོགས་འདུ་གལ་ཆེན་འཚོགས་ཏེ་སྲིད་ཇུས་དང་ཁྲིམས་སྲོལ་རབ་དང་རིམ་པ་བཟོས་ཡོད། ཀྲུང་གོ་གནམ་བདག་ཆོས་ལུགས་རྒྱལ་གཅེས་ལྷན་ཚོགས་ཀྱིས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་རང་འགུལ་ངང་མཐུན་པ་བྱས་ནས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་དང་རྒྱ་ཆེའི་ཆོས་དོན་གཉེར་མཁན་དང་དད་ལྡན་མང་ཚོགས་ཚོར་མཐུན་སྒྲིལ་བྱས་ཏེ་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཞི་མཐུན། ཆོས་ལུགས་འཆམ་མཐུན། འཛམ་གླིང་ཞི་བདེ་བཅས་སྲུང་སྐྱོང་བྱ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།
         ཡུས་ཀྲེང་ཧྲེང་གིས་ཀྲུང་གོ་གནམ་བདག་ཆོས་ལུགས་རྒྱལ་གཅེས་ལྷན་ཚོགས་ཀྱིས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་། རང་རྟོགས་ངང་ཏང་གི་ཆོས་ལུགས་ལས་དོན་གྱི་མཛད་ཕྱོགས་དང་སྲིད་ཇུས་ལག་བསྟར་བྱེད་པ། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ནས་དད་ལྡན་མང་ཚོགས་དང་སྤྱི་ཚོགས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་དགོས་པ་དང་། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ཁྲིད་སྟོན་མཐའ་འཁྱོངས་བྱས་ནས་ཆོས་ཀྱི་སྙིང་པོ་དང་ཆོས་ཁྲིམས་ཐད་དེང་རབས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་བླང་བྱ་དང་འཚམ་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་འཚམ་པའིའགྲེལ་བཤད་བརྒྱབ་ནས་གནམ་བདག་ཆོས་ལུགས་ཀྱི་ཆོས་ཀྱི་སྙིང་པོ་དེ་ཀྲུང་ཧྭའི་རིག་གནས་དང་ཕན་ཚུན་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་གང་ཐུབ་བྱེད་དགོས་པ། རང་ངོས་འཛུགས་སྐྱོང་དང་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཚད་ལོན་གྱི་ཆོས་ལུགས་ལས་དོན་པའི་དཔུང་ཁག་གསོ་སྐྱོང་བྱས་ཏེ་ཀྲུང་གོ་གནམ་བདག་ཆོས་ལུགས་ཀྱི་འགོ་ཁྲིད་དབང་ཆ་དེ་རྒྱལ་གཅེས་ཆོས་གཅེས་མི་སྣས་སྟངས་འཛིན་ནན་པོ་ཐུབ་པའི་འགན་ལེན་བྱེད་དགོས་པ། རྒྱ་ཆེའི་ཆོས་དོན་གཉེར་མཁན་དང་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པ་བཅས་ཀྱི་ཐུགས་རེ་གནང་བ་རེད།