མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས“འོད་སྟོང་འཕྲོ་བའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་དམག་དཔུང་
སྟོབས་ཆེའི་རླབས་ཆེན་བྱ་གཞག་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་
འགྲེམས་སྟོན་ལ་གཟིགས་སྐོར་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་23ཉིན། 15:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས“འོད་སྟོང་འཕྲོ་བའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་དམག་དཔུང་
སྟོབས་ཆེའི་རླབས་ཆེན་བྱ་གཞག་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་
འགྲེམས་སྟོན་ལ་གཟིགས་སྐོར་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་21ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བའི་མཚམས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཀྲུང་གོ་མི་དམངས་གསར་བརྗེའི་དམག་དོན་དངོས་མང་བཤམས་མཛོད་ཁང་དུ་ཕེབས་ནས“འོད་སྟོང་འཕྲོ་བའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་དམག་དཔུང་སྟོབས་ཆེའི་རླབས་ཆེན་བྱ་གཞག་གཏོད——ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ལ་གཟིགས་སྐོར་གནང་ཞིང་། ཁོང་གིས་ལོ་ངོ་90ཡི་རིང་ཏང་གི་འགོ་ཁྲིད་འོག་མི་དམངས་དམག་དཔུང་གིས་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་དེ་མི་རིགས་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་གཏོང་ཆེད་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་དམངས་བདེ་སྐྱིད་ཡོང་ཆེད་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་ནམ་ཡང་འཁོད་པའི་བྱས་རྗེས་གཟེངས་སུ་ཐོན་པ་ཞིག་བཞག་ཡོད། མི་དམངས་དམག་དཔུང་གིས་འབད་འབུངས་ཡར་བརྩོན་བྱས་པའི་ལོ་90ཡི་ནང་ཕུགས་བསམ་དང་དད་སེམས་བརྟན་པོ་དང་། གསར་བརྗེའི་སྲོལ་རྒྱུན་བཟང་པོ། ཞུམ་མེད་ཀྱི་དམག་འཐབ་སྤྱོད་ཚུལ་བཅས་གཅིག་སྒྲིལ་ཐུབ་པ་བྱས་པ་ནི་ང་ཚོའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་རེད། ང་ཚོས་འོད་སྟོང་འཕྲོ་བའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་གསར་བརྗེའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ་འགོ་འཛུགས་ས་གསར་པའི་ཐོག་ནས་གསར་བརྗེའི་སྔོན་བྱོན་པས་བཏོད་གནང་བའི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་ནས་རྒྱ་ཆེའི་ལས་བྱེད་མང་ཚོགས་དང་དམག་ཡོངས་ཀྱི་རྒྱ་ཆེའི་བཀོད་འཐབ་པ་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་རྒྱུར་སྐུལ་ལྕག་ཡར་སྐུལ་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་དང་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་ཞིག་ཏུ་འཛུགས་སྐྱོང་བྱེད་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་ ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཀྱིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།
         ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་30ཡི་ཐོག་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ཀྲུང་གོ་མི་དམངས་གསར་བརྗེའི་དམག་དོན་དངོས་མང་བཤམས་མཛོད་ཁང་དུ་ཕེབས་ནས་འགྲེམས་སྟོན་ཚོམས་ཆེན་དུ་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། འགྲེམས་སྟོན་གྱི་ནང་དོན་གྱི་གྲུབ་ཆ་གཙོ་བོ་དུས་ཚོད་གོ་རིམ་བྱས་ཏེ་རང་དམག་གིས་ལོ་ངོ་90ཡི་རྒྱང་སྐྱོད་ལམ་བུའི་ནང་བརྒྱུད་མྱོང་བའི་གཡུལ་འགྱེད་དང་དམག་འཐབ་གལ་ཆེན་དང་། ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་དང་ཐབས་ཇུས་གལ་ཆེན་གྱི་བརྒྱུད་རིམ། འཕེལ་རྒྱས་ཀྱི་གྲུབ་འབྲས་གལ་ཆེན་བཅས་མངོན་གསལ་དོད་པོས་མཚོན་པར་བྱས་པ་དང་། “ཅིང་ཀང་རི་བོར་དམག་དཔུང་མཉམ་འཛོམས”དང“རྒྱུན་སྲིང་དམག་འཁྲུག་སྐོར་གླེང་བ”“ཅིན་ཀྲོའུ་བླངས་པ”“ཀྲུང་ཧྭ་བྱང་རྒྱུད་ཀྱི་དམག་སྦྱོང”“ཤང་ཀང་དང་ཨའོ་མོན་དུ་དམག་དཔུང་བཅའ་སྡོད་བྱེད”“དབུན་ཁྲོན་གྱི་ཡོམ་འགོག་གེགས་སེལ”“ཀུའུ་ཐེན་གྱི་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུ”དེ་བཞིན་ད་ལྟ་སྤྱོད་བཞིན་པའི་རང་དམག་གི་གོ་མཚོན་གཙོ་བོའི་དཔེ་དབྱིབས་འགྲེམས་སྟོན་སོགས་ཀྱི་ཡུལ་ལྗོངས་དང་འགྲེམས་སྟོན་རྣམ་གྲངས་གཙོ་གནད་ཐོག་ཇུས་འགོད་བྱས་པ། སྐམ་མཚོ་མཁའ་གསུམ་དམག་དཔུང་གི་གོ་མཚོན་སྒྲིག་ཆས་ལད་ཟློས་ཟུང་འཇུག་སྦྱོང་བརྡར་རྣམ་གྲངས་བཀོད་སྒྲིག་བྱས་པ། པར་1000ལྷག་ཙམ་དང་། རིག་དངོས་1300ལྷག་ཙམ། དེ་བཞིན་མཚོན་རིས་དང་རེའུ་མིག འཇལ་ཚད། སྣུམ་ཚོན་རི་མོ། ཡུལ་ལྗོངས། བརྙན་ལམ། ཐུག་རེག་བརྙན་ཡོལ་བཅས་འབོར་ཆེན་དང་ད་དུང་འཐབ་ས་གཙོ་བོའི་གོ་མཚོན་ངོ་མ་དང་གོ་མཚོན་གྱི་དཔེ་དབྱིབས་སོགས་འགྲེམས་སྟོན་བྱས་པ་བརྒྱུད་ལོ་90ཡི་རིང་ཏང་གི་འགོ་ཁྲིད་འོག་མི་དམངས་དམག་དཔུང་གིས་བརྒྱུད་མྱོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་བཞག་པའི་བྱས་རྗེས་རླབས་ཆེན་ཕྱོགས་ཡོངས་ནས་མཚོན་པར་བྱས་པ་དང་རང་རེའི་ཏང་དང་རང་རེའིདམག་གིས་དུས་ཡུན་རིང་པོའི་གསར་བརྗེའི་འཐབ་རྩོད་དང་འཛུགས་སྐྲུན་ལག་ལེན་ནང་སྐྱེད་སྲིང་བྱས་ནས་ཆགས་པའི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་གང་ལེགས་མངོན་པར་བྱས་པ་དང་འབྲེལ་དམག་དཔུང་འཛུགས་སྐྱོང་གི་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་གསོན་ཉམས་ལྡན་པའི་ངང་མངོན་པར་བྱས་ཡོད་པ་རེད།
         ཀྲུའུ་ཏེས་ནན་ཁྲང་འོས་ལངས་ནང་སྤྱད་མྱོང་བའི་དཀྲུམ་མདའ་དང་རི་འགོག་མཉམ་འབྲེལ་དམག་གི་འགོ་ཁྲིད་མི་སྣ་ཀྲོའུ་པའོ་ཀྲུང་གི་བྱང་ཤར་རི་འགོག་དམག་འཁྲུག་གི་ངེས་མེད་རྒོལ་རྡུང་གི་ཉིན་ཐོ། གཡུལ་སར་རྒྱབ་སྐྱོར་བྱེད་མཁན་ཡུལ་མི་ལས་བཟོ་བ་དང་མཉམ་དུ་ཧོའེ་ཧའེ་གཡུལ་འགྱེད་ནང་ཞུགས་མྱོང་བའི་ལག་འབུད་འཁོར་ལོ། ལྔ་ལྔ་རྣམ་པའི་དམག་སྤྱིའི་ཟབ་གོས་དང་། རྒྱུན་གོས། བྱས་རྗེས་གཟེངས་རྟགས། ལག་ཁྱེར། རང་རྒྱལ་གྱི་ཉིང་རྡུལ་ཚ་བའི་མཚོན་ཆ་དང་པོ་དང་། མཁའ་འཕེན་རྡུལ་ཕྲན་འབར་མདེལ་དང་པོའི་དཔེ་དབྱིབས། དབུན་ཁྲོན་ས་ཡོམ་གྱི་ཉེན་སེལ་གེགས་སེལ་འཐབ་འཛིང་པས་རྒྱབ་ཁུག་ཐོག་བྲིས་པའི་ཁ་ཆེམས་ཡི་གེ “ལེའོ་ཉིང་རྟགས་ཅན”གནམ་ཐང་གྲུ་གཟིངས་ལྷོ་རྒྱ་མཚོའི་མཚོ་ཁོངས་སུ་བསྐྱོད་དེ་སྦྱོང་བརྡར་དང་ལས་འགན་སྒྲུབ་པའི་སྐབས་ཀྱི་འདྲ་པར། སྒྱུར་བཅོས་ལེགས་སྒྲིག་རྗེས་ཀྱི་དམག་རིགས་ཀྱི་མཚོན་རྟགས་གསར་པ་སོགས་རྩ་ཆེའི་ལོ་རྒྱུས་ཀྱི་རིག་དངོས་དང་། ཕུན་སུམ་ཚོགས་པའི་ཚད་ལྡན་ཡིག་ཆའི་དཔྱད་ཡིག དངོས་སྣང་གི་བརྗོད་དོན་གཙོ་བོའི་མཛེས་ལྗོངས་བཅས་ལ་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་གཟིགས་སྐོར་ཞིབ་ཚགས་གནང་བ་རེད། ཁོང་ཚོས་ཕེབས་མཚམས་ཡང་ཡང་བཞག་ནས་གཟིགས་སྐོར་ཞིབ་ཕྲ་གནང་ནས་ལས་དོན་མི་སྣའི་གསལ་འགྲེལ་ནན་ཏན་ངང་གསན་པ་དང་སྦྲགས་འབྲེལ་ཡོད་གནས་ཚུལ་བཀའ་འདྲིའང་ཞིབ་ཕྲ་གནང་བ་རེད།
         པེ་ཅིང་དུ་བཞུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་དང་དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་སོགས་ཀྱིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།