མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཞེ་གཉིས་
པའི་ཐོག་ནས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་
རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་27ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་25ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམག་དཔུང་གི་གཞི་ཁྱོན་གྲུབ་ཆ་དང་སྟོབས་ཤུགས་སྒྲིག་གྲུབ་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དམག་དོན་སྟོབས་ཤུགས་མ་ལག་སླར་ཡང་འཛུགས་རྒྱུའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་ཞེ་གཉིས་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་རྒྱལ་སྲུང་དང་དམག་དཔུང་གི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དེ་ནི་འགག་སྒྲོལ་དམག་འཐབ་གཅིག་ཡིན་པས་དམག་དཔུང་གིས་ནུས་ཤུགས་གང་ཡོད་འདོན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། དམག་དཔུང་དང་ས་གནས་མིག་མངས་སྒྲིག་སྐོར་གཅིག་ལྟར་ཡོང་རྒྱུ་མཐའ་འཁྱོངས། ནུས་སེམས་གཅིག་སྒྲིལ་གྱིས་དམག་དཔུང་དང་ས་གནས་སྒྲོལ་བའི་སྒྱུར་བཅོས་ལས་འགན་ལེགས་གྲུབ། བྱ་སྤྱོད་ངོ་མའི་ཐོག་ནས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ལ་རྒྱབ་སྐྱོར་བཅས་བྱས་ཏེ་དམག་སྲིད་དབར་དང་དམག་དམངས་དབར་གྱི་མཐུན་སྒྲིལ་གྱི་ཆབ་སྲིད་ལེགས་ཆ་དེ་སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་དབྱང་དམག་ཨུད་ཀྱི་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་བློ་འདྲི་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བློ་མཐུན་ཚའེ་ཧུང་ཧྲོ་ཡིས་གནད་དོན་དེའི་ཐད་འཆད་འཁྲིད་གནང་བ་དང་འབྲེལ་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཁོང་གི་འགྲེལ་བཤད་ནན་ཏན་ངང་གསན་པ་མ་ཟད། འབྲེལ་ཡོད་གནད་དོན་ལའང་གྲོས་བསྡུར་གནང་བ་རེད།
         ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་ཉིན་ཁ་ཤས་སོང་རྗེས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བས་ང་ཚོས་དམིགས་སུ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་སྐོར་གྱི་བརྗོད་གཞི་དེ་བཀོད་སྒྲིག་བྱས་ཡོད། དེ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་བརྗོད་གཞིར་མཉམ་སྡེབ་སློབ་སྦྱོང་བྱེད་ཐེངས་གསུམ་པ་དེ་ཡིན། ན་ནིང་ཟླ་བདུན་པར་ང་ཚོས་དམག་དཔུང་གི་འགོ་ཁྲིད་བཀོད་འདོམས་སྒྲིག་གཞིའི་སྒྱུར་བཅོས་ལ་དམིགས་ཏེ“སྐེ་ཡན”གྱི་སྒྱུར་བཅོས་གནས་ཚུལ་ཤེས་རྟོགས་བྱས་ཡོད། ད་ཐེངས་མཉམ་སྡེབ་སློབ་སྦྱོང་ཐོག་དམག་དཔུང་གི་གཞི་ཁྱོན་གྲུབ་ཆ་དང་སྟོབས་ཤུགས་སྒྲིག་གྲུབ་སྒྱུར་བཅོས་ཀྱི་ནང་དོན་བཀོད་སྒྲིག་བྱས་པའི་དམིགས་ཡུལ་ནི“སྐེ་མན”གྱི་སྒྱུར་བཅོས་གནས་ཚུལ་དང་སྒྱུར་བཅོས་བྱས་རྗེས་ཀྱི་རང་རེའི་དམག་གི་སྟོབས་ཤུགས་མ་ལག་གི་རྣམ་པ་གསར་པ་ཤེས་རྟོགས་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་སྔར་བས་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུར་ཞིབ་འཇུག་བྱ་རྒྱུ་དེ་ཡིན་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དམག་དཔུང་སྟོབས་ཆེར་གཏོང་རྒྱུ་དེ་ནི་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་རེད་ལ་ང་ཚོའི་ཏང་གི་འཐབ་ཇུས་ལས་འགན་གལ་ཆེན་ཞིག་ཀྱང་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་དུས་གནས་རྟོགས་དཔྱོད་གནང་ནས་རང་རེའི་དམག་དཔུང་ལ་འགོ་ཁྲིད་གནང་སྟེ་དམག་སྟོབས་དམག་དར་གྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་ནས་དམག་དཔུང་སྟོབས་ཆེར་གཏོང་རྒྱུའི་དམིགས་ཡུལ་མངོན་འགྱུར་བྱས་ཏེ་མི་དམངས་དམག་དཔུང་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲར་བསྐྲུན་རྒྱུའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་མ་བཏང་ཡོད། ང་ཚོས་རྒྱལ་སྲུང་དང་དམག་དཔུང་གི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་འཆར་གཞི་ཆེན་པོའི་ནང་བཞག་ནས་དམག་སྟོབས་དམག་དར་གྱི་འགག་རྩའི་བྱེད་ཐབས་སུ་བརྩིས་ཡོད། ལོ་ལྔའི་རིང་རྒྱལ་སྲུང་དང་དམག་དཔུང་གི་སྒྱུར་བཅོས་ཐད་བློ་གཤོགས་ཆེན་པོ་དང་གོམ་སྟབས་མགྱོགས་ལ་བརྟན་པ་དང་ཁྱབ་ཁོངས་གཙོ་བོའི་ཐད་ལོ་རྒྱུས་རང་བཞིན་གྱི་གོམ་སྟབས་སྤོས་པ་དང་། ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་མངོན་འགྱུར། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བཅས་བྱུང་ཡོད། བསྐྱར་འཛུགས་བསྐྱར་གྲུབ་ལས་རང་རེའི་དམག་གི་སྒྲིག་གཞི་དང་གྲུབ་ཆ་དང་། འཕེལ་རྒྱས་ཀྱི་ཆགས་སྟངས། དཔུང་སྡེའི་རྣམ་པ་བཅས་གསར་རྐྱང་དུ་གྱུར་ཏེ་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་སྒུལ་ཤུགས་ཆེན་པོ་བསྣན་རྒྱུ་དང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་རྒྱུར་རྨང་གཞི་ཟབ་མོ་བཏིང་ཡོད།
         ཞི་ཅིན་ཕིང་གིས་བསྟན་དོན། རང་རེའི་དམག་དཔུང་གི་གཞི་ཁྱོན་གྲུབ་ཆ་དང་སྟོབས་ཤུགས་སྒྲིག་གྲུབ་བཟང་སྒྲིག་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་ཐག་གཅོད་བྱ་རྒྱུ་དེ་ནི་རྒྱལ་སྲུང་དང་དམག་དཔུང་གི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་ནང་དོན་གལ་ཆེན་ཡིན། ང་ཚོས་སྒྱུར་བཅོས་ཀྱི་དམིགས་ཚད་ལ་གཞིགས་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ། སྒྱུར་བཅོས་ཀྱི་སྤྱིའི་ཇུས་གཞི་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཏེ་ངར་ཤུགས་སྒྲིམ་ནས་སྒྱུར་བཅོས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས། ལེགས་སྒྲིག་བྱས་རྗེས་རང་རེའི་དམག་དཔུང་གི་གཞི་ཁྱོན་དེ་བས་ཧྲག་ཏུ་ཕྱིན་པ་དང་། གྲུབ་ཆ་དེ་བས་བཟང་སྒྲིག སྒྲིག་གྲུབ་དེ་བས་ཚན་རིག་དང་མཐུན་པ་བཅས་བྱུང་སྟེ་རྩ་བའི་ཐོག་ནས་དུས་ཡུན་རིང་པོའི་ནང་གི་སྐམ་འཐབ་རྣམ་པའི་སྟོབས་ཤུགས་གྲུབ་ཆ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་བའི་དམག་ཤུགས་བཀོད་སྒྲིག དཔུང་ཆེན་ཚོགས་པ་དང་གྲངས་འབོར་ལ་བརྟེན་ནས་རྒྱལ་ཁ་ལེན་པའི་བྱེད་ཐབས་བཅས་ལ་འགྱུར་ལྡོག་བྱུང་བ་དང་གྲངས་འབོར་གཞི་ཁྱོན་ཅན་ནས་སྤུས་ཚད་ཕན་འབྲས་ཅན་གྱི་ཕྱོགས་སུ་སྐྱོད་རྒྱུ་དང་མི་ཤུགས་གཅིག་སྡུད་ཅན་ནས་ཚན་རྩལ་གཅིག་སྡུད་ཅན་གྱི་ཕྱོགས་སུ་སྒྱུར་རྒྱུར་གོམ་ཆེན་སྤོས་ཏེ་གོ་ཧྲག་དམག་འཐབ་སྟོབས་ཤུགས་ཀྱིས་གཙོ་བོ་བྱེད་པའི་མཉམ་འབྲེལ་དམག་འཐབ་སྟོབས་ཤུགས་མ་ལག་ཆགས་བཞིན་ཡོད།
         ཞི་ཅིན་ཕིང་གིས་རྒྱལ་སྲུང་དང་དམག་དཔུང་གི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དེ་ནི་ཁྱོན་ཡོངས་རང་བཞིན་དང་གསར་བརྗེའི་རང་བཞིན་གྱི་འགྱུར་ལྡོག་གཅིག་ཡིན་པ་དང་ནུས་ཤུགས་འདོན་ཚད་དང་། ཟབ་ཏུ་གཏོང་ཚད། ཁྱབ་རྒྱ་ཆེ་རུ་གཏོང་ཚད་བཅས་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་བྱུང་མི་མྱོང་བ་ཞིག་རེད། ང་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒྱུར་བཅོས་ཀྱི་ཆོད་སེམས་དང་ཡིད་ཆེས་རྒྱུན་འཁྱོངས་དང་། འགག་སྒྲོལ་དཀའ་སེལ་གྱི་བློ་སྟོབས་རྒྱུན་འཁྱོངས། བྱས་པའི་རྗེས་དང་འདྲུད་པའི་ཤུལ་གྱི་ངར་ཤུགས་རྒྱུན་འཁྱོངས་བཅས་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུར་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས་པ་དང་། བསམ་བློའི་ངོས་འཛིན་གཅིག་གྱུར་བྱ་རྒྱུ་འགོ་ནས་མཇུག་བར་ཁྱབ་པ་བྱས་ཏེ་དམག་ཡོངས་ཀྱིས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གི་རྗེས་ཟིན་པ་དང་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་མདུན་སྐྱོད་གོམ་སྟབས་ཀྱི་རྗེས་ཟིན་པའི་ཁྲིད་སྟོན་བྱས་ཏེ་སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་འགོ་ནས་མཇུག་བར་ཁྱབ་པ་བྱས་ཏེ་རིམ་པ་ཟབ་པའི་འགལ་ཟླ་དང་གཙོ་གནད་དཀའ་གནད་ཀྱི་གནད་དོན་དམ་འཛིན་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་ཤུགས་འདོན་གནད་འཕིགས་བྱས་ཏེ་རྒྱུན་ཆད་མེད་པར་སྒྱུར་བཅོས་ལ་ཚད་བརྒལ་ཐུབ་རྒྱུ་འགན་ལེན་བྱེད་དགོས་པ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་འགོ་ནས་མཇུག་བར་ཁྱབ་པ་བྱས་ཏེ་སྒྱུར་བཅོས་ཀྱི་ཁ་ཕྱོགས་སྟངས་འཛིན་དང་། ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ། མྱུར་ཚད་དང་ལས་དོན་སྤེལ་ཤུགས་སྟངས་འཛིན། ཞིབ་བཤེར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྒྱུར་བཅོས་ཀྱི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།