མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་
ཚོགས་ཆེན་ཟླ་8ཚེས་1ཉིན་གྱི་སྔ་དྲོར་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་དང་ཞི་ཅིན་ཕིང་
ཚོགས་ཆེན་དུ་ཞུགས་ནས་གསུང་བཤད་གལ་ཆེན་གནང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་31ཉིན། 11:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཟླ་8ཚེས་1ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་མི་དམངས་ཚོགས་ཁང་ཆེ་མོར་འཚོག་རྒྱུ་ཡིན་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་དུ་ཞུགས་རྒྱུ་ཡིན་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་རྒྱུ་རེད།
          སྐབས་དེ་དུས། ཀྲུང་གོའི་མི་དམངས་རྒྱང་སྒྲོག་ལས་ཁུངས་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས། ཀྲུང་གོའི་རྒྱལ་སྤྱིའི་རྒྱང་སྒྲོག་ལས་ཁུངས་བཅས་ཀྱིས་ཡུལ་དངོས་ཐད་གཏོང་བྱ་རྒྱུ་ཡིན་ལ། མི་དམངས་དྲ་བ་དང་། ཤིན་ཧྭ་དྲ་བ། ཀྲུང་གོའི་དྲ་སྦྲེལ་གློག་འཕྲིན་ལས་ཁུངས། ཀྲུང་གོའི་དྲ་བ། ཀྲུང་གོའི་དམག་དོན་དྲ་བ་བཅས་ཀྱིས་ཀྱང་དུས་གཅིག་ཏུ་ཐད་གཏོང་བྱ་རྒྱུ་ཡིན་པ་རེད།