མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་
དོན་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་
དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་06ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་དམག་ཨུད་ནས་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་དབྱང་དམག་ཨུད་གཞུང་དོན་ཐིང་གིས་ཉིན་ཤས་གོང་བརྡ་ཐོ་བཏང་ནས། དམག་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
          བརྡ་ཐོའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་མིག་སྔའི་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་གནང་བ་མ་ཟད། ལོ་ལྔའི་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་རྒྱས་བཤད་དང་། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་གལ་ཆེའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པ་རྒྱས་བཤད། མ་འོངས་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་མཛད་ཇུས་གལ་ཆེན་དང་བྱ་སྤྱོད་ཀྱི་རྩ་འཛིན་རྒྱས་བཤད་བཅས་གཏིང་ཟབ་གནང་ནས་དགོངས་པ་གལ་ཆེན་དང་། ལྟ་བ་གལ་ཆེན། མཐའ་གཅོད་གལ་ཆེན། བྱ་ཐབས་གལ་ཆེན་བཅས་གསར་པ་རབ་དང་རིམ་པ་བཏོན་གནང་བར་བསམ་བློའི་རང་བཞིན་དང་། འཐབ་ཇུས་རང་བཞིན། སྔ་བལྟས་ཕྱི་བསམ་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཤུགས་ཆེན་ལྡན་ཡོད་པས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཆབ་སྲིད་ཀྱི་རྨང་གཞི་དང་། བསམ་བློའི་རྨང་གཞི། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བཅས་གལ་ཆེན་བཏིང་ཡོད་པ་དེས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་གསར་གཏོད་གསར་སྤེལ་བྱ་རྒྱུར་མཐུན་སྒྲིལ་སྐུལ་སློང་དང་། ཡིད་ཆེས་ཀྱིས་ཁེངས་བཞིན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཕྱིར་འབད་འཐབ་བྱེད་པ་བཅས་ལ་གལ་ཆེ་ལ་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ངེས་རེད་ཅེས་འཁོད་ཡོད།
           བརྡ་ཐོའི་ནང་ནན་བཤད་བྱས་དོན། ཤིན་ཧྭ་གསར་འགྱུར་ཁང་གི་གཅིག་གྱུར་རྩོམ་ཡིག་གཞི་འཛིན་སར་བྱས་ཏེ་ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་། དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་སློབ་སྦྱོང་དང་གོ་བ་གནད་ལ་འཕིགས་པ་ལེན་དགོས། དཔོན་དམག་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ཐམས་ཅད་ཀྱི་བརྗོད་དོན་གཙོ་བོ་ཡིན་པ་ཤེས་རྟོགས་དང་ཁོང་དུ་ཆུད་པ་དང་། རང་རེའི་ཏང་གིས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་དར་ཆ་གང་ཞིག་བསྒྲེང་དགོས་པ་དང་། འགྲོ་ལམ་གང་ཞིག་གི་ཐོག་བསྐྱོད་དགོས་པ། སྙིང་སྟོབས་གང་འདྲ་ཞིག་འཆང་དགོས་པ། ལོ་རྒྱུས་ཀྱི་འགན་འཁྲི་གང་ཞིག་འཁུར་དགོས་པ། འབད་འཐབ་དམིགས་ཚད་གང་འདྲ་ཞིག་མངོན་འགྱུར་བྱེད་དགོས་པ་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཤེས་རྟོགས་དང་ཁོང་དུ་གཏིང་ཟབ་ཆུད་པ་དང་། ལོ་ལྔའི་རིང་ཐོབ་པའི་ཕྱོགས་ཡོངས་དང་གསར་གཏོད་ལྡན་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཚོར་ཤེས་ཐུབ་པ་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ཡིད་ཆེས་དང་གོང་བཀུར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས། རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཤེས་རྟོགས་དང་ཁོང་དུ་གཏིང་ཟབ་ཆུད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ཡིན་པའི་རྒྱལ་ཁབ་ཀྱི་གནས་ཚུལ་ཆེ་ཤོས་དང་དོན་དངོས་ཆེ་ཤོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱི་དགོས་མཁོའི་ཐད་མངོན་པའི་སྣ་མང་ཅན་དང་རིམ་པ་དང་ཕྱོགས་མང་པོའི་ཁྱད་ཆོས་ལ་སྟངས་འཛིན་བྱས་ནས། རང་རྟོགས་ངང་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ལ་གོང་བཀུར་གྱིས་ལག་བསྟར་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་ཤེས་རྟོགས་དང་ཁོང་དུ་གཏིང་ཟབ་ཆུད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱུན་ཆད་མེད་པར་ཐོབ་པའི་གྲུབ་འབྲས་གལ་ཆེན་དང“མཚོན་གྱི་ཡོད་པ་གསུམ”གྱི་བསྟན་དོན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། བསམ་པའི་ཉམས་འགྱུར་དང་འབད་འཐབ་རྣམ་འགྱུར་གསར་པའི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མདུན་ཕྱོགས་སུ་སྐུལ་སྤེལ་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་རིགས་པའི་གཞུང་ལུགས་འཛུགས་སྐྱོང་དང་མཛུབ་ཁྲིད་ལ་ཚད་མཐོའི་སྣང་ཆེན་བྱེད་དགོས་པ་ཤེས་རྟོགས་དང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ་རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་གྱི་ལས་གྲྭ་འཛུགས་སྐྲུན། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བཅས་དང་འབྲེལ་བ་བྱེད་པ་དང་། རིགས་པའི་གཞུང་ལུགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གལ་ཆེའི་ནུས་པར་ངོས་འཛིན་གཏིང་ཟབ་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད་དང་འཐབ་ཇུས་ཀྱི་ངེས་ཤུགས་ལ་ཤུགས་སྣོན་རྒྱག་པ་དང་རང་རྟོགས་ངང་ཏང་གི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་གྲུབ་འབྲས་སྤྱད་དེ་ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་སྤེལ་གཏོང་རྒྱུར་གཡོ་འགུལ་གཏོང་མི་རུང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུར་བསྐྱོད་པ་དང་ཕྱོགས་ཡོངས་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཕྱིར་འགན་ལེན་ནུས་ལྡན་དང་འཐབ་ཇུས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།
          བརྡ་ཐོའི་ནང་བླང་བྱ་བཏོན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་བསྟར་བྱ་རྒྱུ་ནི་མིག་སྔའི་ཏང་ཡོངས་དང་རྒྱལ་ཡོངས་དང་དམངས་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས་རིམ་པ་ཁག་གིས་མདུན་གྲལ་དུ་སྐྱོད་པའི་ཚད་གཞི་དང་བླང་བྱ་ལྟར། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཐོག་ནས་སྒྲིག་འཛུགས་ཞིབ་ཚགས་དང་བྱ་སྤྱོད་མྱུར་སྤེལ་བྱས་ཏེ་སློབ་སྦྱོང་ལག་བསྟར་གྱི་ཚ་རླབས་རྒྱུན་མཐུད་ངང་འཕྱུར་བ་བྱེད་དགོས། སྒྲུབ་བཞིན་པའི་ལས་དོན་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཐོག་གསུང་བཤད་ཀྱི་དགོངས་དོན་དེ་དཔུང་སྡེ་འཛུགས་སྐྱོང་དང་། སྒྱུར་བཅོས་དང་དམག་དོན་འཐབ་རྩོད་གྲ་སྒྲིག་གི་ལས་དོན་ཁག་གི་ཁྲོད་དུ་ལག་བསྟར་དང་མངོན་པར་བྱས་ནས་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དམག་སྦྱོང་དམག་གྲབས་ལས་དོན་དམ་འཛིན་ལྷོད་མེད་བྱེད་པ། སྒྱུར་བཅོས་ལས་འགན་དོན་འཁྱོལ་ནན་པོ་བྱེད་པ་བཅས་བྱས་ནས་དཔུང་སྡེ་ཚད་མཐོའི་གཅིག་སྡུད་གཅིག་གྱུར་དང་བདེ་འཇགས་བརྟན་ལྷིང་ཡོང་རྒྱུ་འགན་ལེན་གྱིས་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།