འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མཁའ་འགྲུལ་གྱིས་ཁྲེན་ཏུའུ་ནས་ཆུ་ཚོད་གཉིས་དང་ཕྱེད་ཀ་རིང་ཀ་ཏ་མན་རྡུར་
    ཐད་ཀར་འཕུར་བའི་མཁའ་ལམ་གསར་དུ་ཕྱེ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་10ཉིན། 16:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་མཁའ་འགྲུལ་གྱིས་ཁྲེན་ཏུའུ་ནས་ཆུ་ཚོད་གཉིས་དང་ཕྱེད་ཀ་རིང་ཀ་ཏ་མན་རྡུར་
ཐད་ཀར་འཕུར་བའི་མཁའ་ལམ་གསར་དུ་ཕྱེ་བ།
    ​     མི་དམངས་དྲ་བའི་འཕྲིན། བོད་ལྗོངས་མཁའ་འགྲུལ་ཚོང་གཉེར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་ནས་མཁའ་ལམ་འདི་ནི་ས་སྲིབ་སྐབས་སུ་ཇོ་མོ་གླང་མ་བརྒལ་བ་ཡིན་པས། མཁའ་ལམ་འདི་ནི་མིག་སྔའི་བར་ཕྱིར་ཇོ་མོ་གླང་མའི“ཉི་འོད་འཕྲོས་པའི་གསེར་མདོག་རི་རྩེ”ཡི་བརྗིད་ཆགས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མཐོང་ཐུབ་པའི་དུས་གཏན་གནམ་གྲུ་ཉག་གཅིག་ཡིན་ཞིང་། ང་ཚོས་སྒུལ་ཤུགས་ཆེན་པོ་དང་སྔོན་ཐོན་གྱི་ཕྱོགས་སྟོན་སྒྲིག་ཆས་ལྡན་པའི་མཁའ་ཐོག་འགྲུལ་སྐྱེལ་འཁོར་ལོ་A319རྟགས་ཅན་གྱི་གནམ་གྲུ་སྤྱད་དེ་འཕུར་སྐྱོད་བྱེད་ཀྱི་ཡོད་པས། འགྲུལ་སྐྱོད་ལམ་ཁར་སྔར་ལས་བདེ་འཇགས་དང་བག་ཕེབས་ཡོང་བའི་འགན་ལེན་ཏན་ཏིག་བྱེད་ཀྱི་ཡོད་པ་དང་། འགྲུལ་པ་ཚོ་ཆུ་ཚོད་2དང་སྐར་མ་30ལ་ཁྲེན་ཏུའུ་ནས་ཀ་ཏ་མན་རྡུ་རུ་འབྱོར་ཐུབ་ཅེས་བརྗོད་པ་རེད།
         མིག་སྔར། ཁྲེན་ཏུའུ་ནས་ཐད་ཀར་ཀ་ཏ་མན་རྡུའི་བར་འཕུར་བའི་དུས་ཚོད་ནི་དུས་གཏན་གནམ་གྲུTV9899ཁྲེན་ཏུའུ་ནས་ཆུ་ཚོད18:15ལ་འཕུར་ཞིང་། ཀ་ཏ་མན་རྡུར་ཆུ་ཚོད་18:25ལ(ས་གནས་དེ་གའི་དུས་ཚོད་)འབབ་པ་དང་། ཕྱིར་ལོག་པའི་གནམ་གྲུTV9900ཀ་ཏ་མན་རྡུ་ནས་ཆུ་ཚོད་19:25(ས་གནས་དེ་གའི་དུས་ཚོད་)ལ་འཕུར་ཞིང་། པེ་ཅིང་གི་ཆུ་ཚོད་00:50ལ་ཁྲེན་ཏུའུ་རུ་འབབ་པ་རེད། གཟའ་འཁོར་རེའི་གཟའ་ཟླ་བ་དང་། གཟའ་མིག་དམར། གཟའ་ཕུར་བུ། གཟའ་སྤེན་པ་བཅས་ལ་འཕུར་བ་རེད།
         བོད་ལྗོངས་མཁའ་འགྲུལ་མ་རྐང་ནང་ཞུགས་པའི་བལ་ཡུལ་ཧི་མ་ལ་ཡའི་མཁའ་འགྲུལ་ལ་མཁའ་ཐོག་འགྲུལ་སྐྱེལ་འཁོར་ལོ་A320རྟགས་ཅན་གྱི་གནམ་གྲུ་3ཡོད་པ་མ་ཟད། ཀ་ཏ་མན་རྡུ་ནས་ཏོ་ཧ་བར་དང་། ཀ་ཏ་མན་རྡུ་ནས་ཁྭ་ལ་ལུམ་ཕུར་བར། ཀ་ཏ་མན་རྡུ་ནས་ཏི་པའེ་བར་བཅས་ཀྱི་མཁའ་ལམ་ཡང་ཕྱེ་ཡོད་པ་རེད།
    ༄༅།།བོད་ལྗོངས་མཁའ་འགྲུལ་གྱིས་ཁྲེན་ཏུའུ་ནས་ཆུ་ཚོད་གཉིས་དང་ཕྱེད་ཀ་རིང་ཀ་ཏ་མན་རྡུར་
ཐད་ཀར་འཕུར་བའི་མཁའ་ལམ་གསར་དུ་ཕྱེ་བ།
    ༄༅།།བོད་ལྗོངས་མཁའ་འགྲུལ་གྱིས་ཁྲེན་ཏུའུ་ནས་ཆུ་ཚོད་གཉིས་དང་ཕྱེད་ཀ་རིང་ཀ་ཏ་མན་རྡུར་
ཐད་ཀར་འཕུར་བའི་མཁའ་ལམ་གསར་དུ་ཕྱེ་བ།
      

    ཕྱོགས་བསྡུས་གསར་འགྱུར།