མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གྲུབ་
འབྲས་སྒྲིལ་གླེང་། ༼ 2017ལོའི་ཟླ་དྲུག་པའི་ཟླ་མཇུག་བར། ༽

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་19ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          གཅིག  སྤྱོད་ཚུལ་འཛུགས་སྐྱོང་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བརྗོད་དོན་བཀྲལ་བ།
         ● རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁྱོན་ཁྲི་17ལྷག་ཙམ་ཞིབ་བཤེར་རྩད་གཅོད་ཐུབ་པ།
        ● མི་ཁྲི་13ལྷག་ཙམ་ལ་ཆད་པ་བཅད་པ།
         ● ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་ཐུབ་ཚད་ཆ་སྙོམས་ཉིན་ལྟར་100ལས་བརྒལ་བ།
         གཉིས།  རུལ་སུངས་ལ་རྡུང་རྡེག་ནན་པོ་བཏང་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྣམ་པ་བཏོད་པ།
         ● “སྟག་རྡུང”ཐད་ཚད་བཀག་མེད་པ།
        ● “སྦྲང་རྡུང”ཐད་ཐར་པར་གཏན་ནས་མི་གཏོང་བ།
        ● “ཝ་རྔོན”ཐད་གནམ་རྒྱ་བཀྲམས་པ།
        གསུམ།  ཏང་ནང་ཁུལ་གྱི་ལྟ་སྡོམ་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་པ།
        ● རལ་གྲི་མཐོན་པོར་འཕྱར་བ་དང་། རྣོ་ངར་དེ་བས་ཆེ་བ། སྐོར་གཟིགས་ལྟ་སྐུལ་བཅས་ཀྱི་ཟིལ་གནོན་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།
       ● མིག་རྣོ་རུ་བཏང་བ་དང་། རྣ་ལྕོག་གསང་པོ་བྱས་པ། བཅའ་སྡོད་མངགས་གཏོང་ལྟ་སྐུལ་གྱི“འཚོལ་ཞིབ”ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།
        ● “སྒྲོན་འོག་མུན་པ”མཐའ་གཅིག་ཏུ་བསལ་ནས་ལྟ་སྐུལ་བྱེད་མཁན་ལ་དུས་དང་རྣམ་པ་ཀུན་ཏུ་ལྟ་སྐུལ་བྱེད་པ།
        ● རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱས་ནས་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་ཕན་ཚུན་སྐུལ་མ་གཏོང་བ།
       བཞི།  སྒྲིག་སྲོལ་དང་ལམ་ལུགས་འཛུགས་རྒྱུར་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྩ་བ་བརྟན་དུ་བཏང་བ།
        ● ལོ་ལྔའི་རིང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་འཛུགས་སྐྱོང་གི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པ་དང་། ཀྲུང་དབྱང་གིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་80ཙམ་བཏོན་པ་དང་བཟོ་བཅོས་བརྒྱབ་པ་དེས་ད་ཡོད་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གྱི་40%ལས་བརྒལ་བས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་བསྲུང་བྱའི་གཏན་འབེབས་དང་གཞི་འཛིན་ས་སྔར་ལས་མང་བ་བྱུང་ཡོད་པ།