མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱི་ཞིང་ལས་ཐོན་རྫས་ལོ་5བསྟུད་མར་ལྟ་ཞིབ་ཚད་ལོན་ཚད་96%ཡན་ཟིན་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་20ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་17ཉིན་ཞིང་ལས་པུའི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཀོང་ཏེ་ཕུའུ་ཡིས་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བརྟན་ལ་ལེགས་པའི་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱུང་བ་དང་ལོ་5བསྟུད་མར་ལྟ་ཞིབ་ཚད་ལོན་ཚད་96%ཡན་ཟིན་པ་དང་། འདི་ལོའི་ལོ་སྟོད་དུ་ཚད་ལོན་ཚད་97.6%ཟིན་ཡོད་ཅེས་བརྗོད་པ་རེད།
         ཁོང་གིས་ཞིང་ལས་པུས་དེ་ཉིན་འཚོགས་པའི་སྤུས་ཚད་ལ་བརྟེན་ནས་ཞིང་དར་ལ་སྐུལ་འདེད་བཏང་སྟེ་ཞིང་ལས་ཐོན་རྫས་ཀྱི་འཛད་སྤྱོད་བདེ་འཇགས་འགན་ལེན་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གོང་གི་གནས་ཚུལ་དེ་དག་བརྗོད་ཡོད།
        ཀོང་ཏེ་ཕུའུ་ཡིས་ངོ་སྤྲོད་བྱས་པ་གཞིར་བཟུང་། མིག་སྔར་ཞིང་སྨན་ལྷག་འཕྲོའི་ཚད་བཀག་ཚད་གཞིའི་ རྣམ་གྲངས་6000ལྷག་ཙམ་དང་ཞིང་ལས་ལས་རིགས་ཀྱི་ཚད་གཞིའི་རྣམ་གྲངས་5000ལྷག་ཙམ་གཏན་འཁེལ་བྱས་པར་བརྟེན་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་གཞི་འཛིན་ས་བྱུང་ཡོད། དེ་དང་ཆབས་ཅིག་ཚད་གཞི་ཅན་གྱི་ཐོན་སྐྱེད་གཏོད་པའི་བྱེད་སྒོ་སྤེལ་བ་བརྒྱུད་སྤྱི་གནོད་མེད་པ་དང་། ལྗང་མདོག སྐྱེ་ལྡན་དང་ས་ཁམས་ཀྱི་མཚོན་རྟགས་བཅས་ཀྱི་ཞིང་ལས་ཐོན་རྫས་ཐོན་སྐྱེད་འཕེལ་རྒྱས་ཕྱིན་ནས་སྤུས་ལེགས་བདེ་འཇགས་ལྡན་པའི་ཞིང་ལས་ཐོན་རྫས་སྒོ་རྩིས་ཚོང་ཁང་གི་ཚོང་སྒྲོམ་དང་མི་སེར་གྱི་གསོལ་ཅོག་ཐོག་བསྒྲིགས་ཐུབ་པ་བྱུང་ཡོད།
         དེ་དང་ཆབས་ཅིག་ཞིང་ལས་ཐོན་རྫས་སྤུས་ཚད་ལྟ་སྐུལ་དོ་དམ་མ་ལག་ཀྱང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཞིང་། མིག་སྔའི་བར་རྒྱལ་ཡོངས་ཀྱི་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཡོངས་དང་། ས་ཁུལ་དང་གྲོང་ཁྱེར་88% རྫོང་75%(ཆུས་དང་གྲོང་ཁྱེར)ཤང་དང་གྲོང་རྡལ་97%བཅས་ལ་ཞིང་ཞོར་ཐོན་རྫས་བདེ་འཇགས་ལྟ་སྐུལ་དོ་དམ་སྒྲིག་གཞི་བཙུགས་པ་དང་ལྟ་སྐུལ་དོ་དམ་མི་སྣ་ཁྲི་11.7ཡོད་པ་རེད། ཞིང་ལས་པུས་ད་དུང་ཞིང་སྨན་དང་ཤ་སྣག་སྐྱེ་སྨན་འགོག་པ་སོགས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་རྒྱུན་ཆད་མེད་པར་སྤེལ་བ་རེད།