མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱི་སྣུམ་རླངས་ཐོན་ཁུངས་རྩད་ཞིབ་ཐད་ཚད་བརྒལ་ཆེན་པོ་བྱུང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་20ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། 2012ལོ་ནས་2016ལོ་བར་རྒྱལ་ཡོངས་ཀྱི་སྣུམ་རླངས་ཐོན་ཁུངས་རྩད་ཞིབ་ཐད་ཚད་བརྒལ་ཆེན་པོ་བྱུང་ནས་རྡོ་སྣུམ་གསོག་ཚད་མུ་མཐུད་མང་དུ་ཕྱིན་ཏེ་ཏུན་དུང་ཕྱུར་རིམ་པའི་སྣུམ་ཞིང་ཁྱོན་10རྩད་གཅོད་ཐུབ་ཡོད། རང་བྱུང་སོལ་རླངས་གསོག་ཚད་མགྱོགས་མྱུར་འཕར་ནས་སོལ་རླངས་ཁྱོན་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་སྟོང་ཟིན་པའི་རླངས་ཞིང་13རྩད་གཅོད་ཐུབ་ཡོད།
       ཐོན་ཚད་ཐད་ལོ་ལྔའི་རིང་རྒྱལ་ཡོངས་ཀྱི་མ་བཅོས་རྡོ་སྣུམ་ཐོན་ཚད་ཅུང་བརྟན་པོ་ཡིན་པ་དེས་ལོར་ཆ་སྙོམས་ཐོན་ཚད་ཏུན་དུང་ཕྱུར་2ལས་བརྒལ་ནས་མ་བཅོས་རྡོ་སྣུམ་ཐོན་སྐྱེད་བྱེད་ཚད་ཁྱོན་ཏུན་དུང་ཕྱུར་10.42ཟིན་ཡོད། རང་བྱུང་སོལ་རླངས་ཀྱི་ཐོན་ཚད་མགྱོགས་མྱུར་འཕར་ནས་ལོར་ཆ་སྙོམས་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་1200ཙམ་ཟིན་པ་དང་། ལོ་ལྔའི་ནང་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་5960ཐོན་སྐྱེད་བྱས་པ་དེ་འཛམ་གླིང་གི་ཨང་18ནས་ཨང་6པར་སླེབས་ཡོད།
       ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་གི་སྣུམ་རླངས་འཚོལ་ཞིབ་དབང་ཆར་གསེད་བཀྲོལ་དང་ཞིབ་བཤེར་རགས་ཙམ་བྱས་པ་བརྒྱུད་སྣུམ་རླངས་འཚོལ་ཞིབ་དབང་ཆ་22ཕྱིར་འཐེན་བྱས་པའི་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་6586ཟིན་ཡོད། 2016ལོར་རྒྱལ་ཡོངས་ཀྱི་རྩད་ཞིབ་ཁུལ་ཧྲིལ་པོ་ལེགས་སྒྲིག་བྱས་ནས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་སྣོལ་བརྩེགས་ཡིན་པའི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་ཁྲི་3.2ཕྱིར་འཐེན་བྱས་ཡོད་པ་རེད།