མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མང་ཚོགས་ཚོགས་པའི་སྒྱུར་བཅོས་ཀྱི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་
ནན་པོ་བྱས་ནས་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་གྱི་རྣམ་པ་གསར་པ་
ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་28ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མང་ཚོགས་ཚོགས་པའི་སྒྱུར་བཅོས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ནི་ཏང་གི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་དང་། མང་ཚོགས་ཚོགས་པ་སྒྱུར་བཅོས་བྱེད་རྒྱུ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་འགན་གལ་ཆེན་ཞིག་རེད། 2015ལོར་ཏང་ཀྲུང་དབྱང་གིས་མང་ཚོགས་ཚོགས་པའི་ལས་དོན་ཚོགས་འདུ་འཚོགས་ནས་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་དང་མང་ཚོགས་ཚོགས་པའི་སྒྱུར་བཅོས་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ལོ་གཉིས་རིང་མང་ཚོགས་ཚོགས་པའི་སྒྱུར་བཅོས་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད་པས་གྲུབ་འབྲས་ལ་ཁས་ལེན་བྱེད་རིན་ཡོད། ཉམས་མྱོང་ལ་ཕྱོགས་སྡོམ་ནན་ཏན་དང་། མུ་མཐུད་བསམ་བློ་གཅིག་གྱུར་ཡོང་བ། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་ཏང་ཀྲུང་དབྱང་གིས་མང་ཚོགས་ཚོགས་པའི་ལས་དོན་དང་མང་ཚོགས་ཚོགས་པའི་སྒྱུར་བཅོས་ཐད་བཏོན་པའི་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་མང་ཚོགས་ཚོགས་པ་ཁག་གིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་རྒྱུར་སྐུལ་འདེད་བཏང་ནས“ཆབ་སྲིད་ཀྱི་རང་བཞིན་དང་། སྔོན་ཐོན་གྱི་རང་བཞིན། མང་ཚོགས་ཀྱི་རང་བཞིན”བཅས་ཆེ་རུ་གཏོང་རྒྱུར་དམ་པོར་དམིགས་ཏེ་གནད་དོན་མངོན་གསལ་དོད་པོར་གཏུག་ཕོད་པ་དང་། བྱ་ཐབས་ནུས་ལྡན་སྤྱོད་པ། འགག་སྒྲོལ་དཀའ་སེལ་ཕོད་པ་བཅས་བྱས་ཏེ་མང་ཚོགས་ཚོགས་པའི་ལས་ཀའི་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་དོ་སྣང་བྱེད་དགོས། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་མང་ཚོགས་ཚོགས་པའི་སྒྱུར་བཅོས་ལ་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཀྲུང་དབྱང་སྒྱུར་བཅོས་གཞུང་དོན་ཁང་གིས་མང་ཚོགས་ཚོགས་པའི་སྒྱུར་བཅོས་ཀྱི་ཇུས་གཞི་དོན་འཁྱོལ་ལ་ལྟ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད་ཀྱིས་མང་ཚོགས་ཚོགས་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་ནས་ཁ་ཕྱོགས་སྟངས་འཛིན་ཡང་དག་ཐུབ་པ་དང་། གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ། དཀའ་གནད་ནན་ཏན་སེལ་བ་བཅས་བྱས་ཏེ་སྒྱུར་བཅོས་ལ་བརྟེན་ནས་མང་ཚོགས་རྩ་འཛུགས་ཀྱི་ལས་དོན་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་གྱི་རྣམ་པ་བཟང་པོ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
         ཚེས་26ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་པེ་ཅིང་དུ་མང་ཚོགས་ཚོགས་པའི་སྒྱུར་བཅོས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་མང་ཚོགས་ཚོགས་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་། དམིགས་ཚད་ལས་འགན། གཞི་རྩའི་བླང་བྱ་བཅས་རྒྱས་བཤད་གཏིང་ཟབ་གནང་ནས་ང་ཚོས་མང་ཚོགས་ཚོགས་པའི་སྒྱུར་བཅོས་དང་མང་ཚོགས་ཚོགས་པའི་ལས་དོན་ལེགས་པར་བསྒྲུབ་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་སྒྱུར་བཅོས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ་དེ་བས་ཆེ་བའི་ལས་དོན་སྤེལ་ཤུགས་དང་དེ་བས་ཏན་ཏིག་གི་བྱ་ཐབས་ལ་བརྟེན་ནས་མང་ཚོགས་ཚོགས་པའི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ཐོག་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། མང་ཚོགས་ཚོགས་པའི་སྒྱུར་བཅོས་ཀྱི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ནས་ཏང་གིས་མང་ཚོགས་ཚོགས་པའི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུ་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་རང་ངོས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། “འདུ་ཤེས་བཞི”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བཅས་བྱས་ཏེ་ཆབ་སྲིད་ཀྱི་རང་བཞིན་དང་། སྔོན་ཐོན་གྱི་རང་བཞིན། མང་ཚོགས་ཀྱི་རང་བཞིན་བཅས་སྒྱུར་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་རྒྱུ་རྒྱུན་འཁྱོངས་དང་ཤུགས་ཆེར་གཏོང་དགོས། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་རང་རྟོགས་ངང་བརྩི་སྲུང་ཞུས་ནས་ལས་ཀའི་ཟུང་འབྲེལ་བྱེད་གནས་དང་ཤུགས་རྒྱག་གཞི་འཚོལ་ཞིབ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་ལས་ཀའི་སྟོན་ཕྱོགས་དོན་འཁྱོལ་བྱེད་པ། སུའི་ཚབ་བྱེད་པ་དང་། སུ་དང་འབྲེལ་བ་བྱེད་པ། སུ་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་བཅས་བྱས་ཏེ་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ཡིད་དབང་འཕྲོག་ནུས་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་གནད་དོན་མངོན་གསལ་དོད་པོར་དམིགས་ནས་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། མང་ཚོགས་ཚོགས་པའི་རྩ་འཛུགས་དང་མང་ཚོགས་ཚོགས་པའི་ལས་ཀའི་ཕན་འབྲས་ཁྱབ་ཁྱོན་ཆེ་རུ་གཏོང་བ། ཞབས་ཞུའི་འགན་ནུས་ཧུར་ཐག་སྒྱུར་བ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། ལས་རིགས་ཀྱི་རྣམ་པ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སྒྲིག་གཞིའི་མི་དོན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཚོགས་པའི་རྩ་འཛུགས་འདི་ཉིད་ཏང་གི་མང་ཚོགས་ལས་དོན་གྱི་འཐབ་ས་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས། དུས་བབ་གསར་པའི་འོག་གི་མང་ཚོགས་ཚོགས་པའི་ལས་དོན་གྱི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས་ལེགས་གཏོང་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་པ། དྲ་ཐོག་གི་མང་ཚོགས་ཚོགས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མང་ཚོགས་ཚོགས་པའི་ལས་དོན་ལེགས་པར་སྒྲུབ་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། རིམ་ཁག་ཏང་ཨུད་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་དང་འགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ནས་མང་ཚོགས་ཚོགས་པའི་སྒྱུར་བཅོས་ལས་འགན་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་ནན་པོ་བྱེད་པ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། རིགས་དབྱེ་མཛུབ་ཁྲིད་དང་འགན་འཁྲི་བདའ་འདེད་ལ་ལྟ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ལག་ལེན་དངོས་ཀྱི་ཐོག་ནས་སྒྱུར་བཅོས་ལ་དམ་འཛིན་བྱེད་རྒྱུར་སྐུལ་འདེད་གཏོང་བ། སྒྱུར་བཅོས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་པ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་མཛུབ་སྟོན་གནང་བ་རེད།