མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་ཐེན་ཅིན་དུ་གཟབ་
རྒྱས་ངང་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་29ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་ཐེན་ཅིན་དུ་གཟབ་
རྒྱས་ངང་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།

         ལུས་རྩལ་པ་ཝེ་ཆིའུ་གཡོད་དང་། རྩལ་སློབ་པ་ཞུས་གོ་དབྱི། ཤན་འབྱེད་པ་ལི་ཅིང་བཅས་ཀྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པར་ཞུགས་པའི་ལུས་རྩལ་པ་དང་། རྩལ་སློབ་པ། ཤན་འབྱེད་པ་བཅས་ཀྱི་ཚབ་ཞུས་ཏེ་དམ་བཅའ་བཞག་པ་རེད།
         ཆུ་ཚོད་21དང་སྐར་མ་30ཡི་ཐོག་མི་སེམས་གཡོ་བའི་ཚོགས་རར་དཔལ་འབར་བརྒྱུད་སྤྲོད་དང་དཔལ་འབར་གཙོ་བོ་སྤོར་བའི་མཛད་སྒོ་ཚུགས་པ་དང་ཟླ་8ཚེས་8ཉིན་ནས་བཟུང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་དཔལ་འབར་ཐེན་ཅིན་གྲོང་ཁྱེར་གྱི་སྲིད་འཛིན་ཁུལ་16ཏུ་མུ་མཐུད་བརྒྱུད་སྤྲོད་བྱས་རྗེས་མཐར་ཐེན་ཅིན་ཨོ་ལིམ་ཕིག་ལྟེ་གནས་ཀྱི་ལུས་རྩལ་ཐང་ཆེན་དུ་བརྒྱུད་སྤྲོད་བྱས་ཡོད། ཀུན་གྱིས་དོ་སྣང་བྱེད་པའི་ཁྲོད་ཐེན་ཅིན་གྲོང་ཁྱེར་གྱི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མང་ཚོགས་འགྲན་བསྡུར་རྣམ་གྲངས་ཀྱི་གསེར་གྱི་བྱ་དགའ་ཐོབ་མཁན་དང་པོ་ཡིན་པའི་ཤེ་པིང་པིང་དང་། རུ་སྣེ་ཐེངས་བཅུ་ལྷག་ཙམ་ཁྲིད་དེ་རྒྱལ་ཡོངས་ཀྱི་ཨང་དང་པོ་ཐོབ་པའི་ཐེན་ཅིན་གྱི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རྩལ་སློབ་པ་གཙོ་བོ་ཝང་པའོ་ཆོན། རིམ་རྩིས་བརྒྱབ་ན་རིན་མེད་ངང་ཁྲག་སྦྱིན་ཐེངས་200ལྷག་ཙམ་འབུལ་མཁན་ལི་ཡན་ཆི། པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་མཉེན་རྩལ་སྦེ་གའི་ཨང་དང་པོ་ཐུང་ཝུན། འཛམ་གླིང་གི་དཔྱངས་ལུང་འགྲན་བསྡུར་གྱི་ཨང་དང་པོ་ཐེངས་མང་ཐོབ་མྱོང་བའི་ཁྲེན་དབྱི་པིང་སོགས་དཔལ་འབར་བ་5ཡིས་བརྒྱུད་སྤྲོད་བྱས་རྗེས་མཐར་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་མཚོན་རྟགས“ཅིན་ཕྲུག”དང་འཕྲུལ་མི“ཡིའུ་ཡིའུ”ཡིས་མཉམ་དུ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་གཙོ་བོ་སྤར་བ་རེད།
         ཆུ་ཚོད་21དང་སྐར་མ་40ཡི་ཐོག་བརྗོད་དོན་གཙོ་བོའི་གླུ་གཞས་《བདེ་ཐང་ལ་བརྟེན་ནས་འབྱུང་འགྱུར་གཏོད་》ཅེས་པའི་སྤྲོ་སྣང་དོད་པའི་རྣམ་པའི་ཁྲོད་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་འགོ་འཛུགས་མཛད་སྒོ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད།
         ཝང་ཧུའུ་ཉིང་དང་། ལིའུ་ཡན་ཏུང་། ཞུས་ཆི་ལེང་། ལི་ཀྲན་ཧྲུའུ། ཝང་ཁྲེན། ལུའུ་ཀྲེན་ཀུང་བཅས་འགོ་འཛུགས་མཛད་སྒོར་ཕེབས་པ་རེད།
         རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཀྲུའུ་ཞི་པ་ཧེ་དང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཆིན་ཝང་ཨེ་ཧ་མའེ་ཏི་དང་དེ་བཞིན་གདན་ཞུས་ལྟར་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པར་ལྟ་སྦྱོང་དུ་ཕེབས་པའི་ས་མཚམས་ཕྱི་རོལ་གྱི་སྐུ་མགྲོན་ཡང་འགོ་འཛུགས་མཛད་སྒོར་ཕེབས་པ་རེད།
         འགོ་འཛུགས་མཛད་སྒོ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་རེན་ཐེན་ཅིན་གྲོང་ཁྱེར་གྱི་ཧྲི་ཀྲང་ཝང་ཏུང་ཕུང་གིས་གཙོ་སྐྱོང་གནང་བ་རེད།
         རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་ཟླ་9ཚེས་8ཉིན་གྲོལ་རྒྱུའི་གཏན་འབེབས་བྱས་པ་དང་སླད་ཕྱིན་ཉིན་12ནང་ལུས་རྩལ་པ་8000ལྷག་ཙམ་གྱིས་རྩལ་འགྲན་འགྲན་བསྡུར་རྣམ་གྲངས་ལ་ཞུགས་རྒྱུ་དང་ལུས་རྩལ་པ་300ལྷག་ཙམ་གྱིས་མང་ཚོགས་འགྲན་བསྡུར་གྱི་རྣམ་གྲངས་ལ་ཞུགས་རྒྱུ་རེད།

【1】  【2】