མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ཉམས་མྱོང་སྤེལ་རེས་ཚོགས་
འདུའི་ཐོག་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་31ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་29ཉིན་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ཉམས་མྱོང་སྤེལ་རེས་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་རེད། མཆན་འགོད་མཛུབ་སྟོན་ནང་ལོ་གཅིག་རིང་འབྲེལ་ཡོད་ས་ཁུལ་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་མཐུན་སྒྲིལ་ཡར་བརྩོན་གྱིས་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ཏན་ཏིག་བྱས་པ་དང་རྣམ་གྲངས་ཀྱི་མ་དངུལ་རྒྱབ་སྐྱོར་དང་། ཤེས་ལྡན་པའི་ལག་རྩལ་གྱི་འདེགས་སྐྱོར། ཐོན་ལས་འཕེལ་རྒྱས་མཉམ་ལས་སོགས་ཐད་ལས་དོན་སྤེལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པར་ཁས་ལེན་གང་ལེགས་བྱེད་དགོས། དེང་སྐབས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ་དེ་འགག་རྩའི་དུས་སྐབས་སུ་སླེབས་བཞིན་ཡོད་པ་དང་རོགས་སྐྱོར་བྱེད་མཁན་ཕྱོགས་གཉིས་པོས་དུས་བབ་གསར་པའི་འོག་གི་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ཏན་ཏིག་ཡག་པོ་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་དང་། ཉམས་མྱོང་ཕྱོགས་སྡོམ། ཡང་འབད་བསྐྱར་འབད་བཅས་བྱས་ཏེ་མུ་མཐུད་ཤིན་ཏུ་དབུལ་པོའི་ས་ཁུལ་གཙོ་གནད་དུ་བྱས་ནས་མཉམ་ལས་བྱེད་སྟངས་སྔར་བས་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གནད་སྨིན་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། དབུལ་སྒྲོལ་ལས་ཀའི་དངོས་ཕན་ཆེ་རུ་ཏན་ཏིག་གཏོང་བ། ས་ཁུལ་དབུལ་པོའི་ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྐྱེད་སྲིད་བྱེད་པའི་ཐད་འཕེལ་རིམ་དེ་བས་ཆེ་བ་ཡོང་རྒྱུར་འབད་བརྩོན་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་ཐུན་མོང་ཐོག་ཞུགས་རྒྱུར་སྐུལ་སློང་དང་གཅིག་སྡུད་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། མང་ཚོགས་དབུལ་པོ་དེ་བས་མང་བ་བརྟན་པོའི་ངང་དབུལ་སྒྲོལ་ཐུབ་པ་དང་ཕྱུག་འགྱུར་ལམ་བུར་སྐྱོད་ཐུབ་པ་བྱས་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་གནང་བ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་དབང་ཡང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་འགན་འཁྲི་ཁུར་སེམས་དང་དགོས་གཏུག་གི་བསམ་པ་ཤུགས་ཆེར་ཏན་ཏིག་གཏོང་བ་དང་། གནད་སྨིན་དབུལ་སྐྱོར་ལ་དམ་པོར་དམིགས་པ། ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱེད་པ། རོགས་སྐྱོར་བྱེད་ཐབས་གསར་གཏོད་བྱེད་པ་བཅས་བྱས་ཏེ་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ཆུ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།