མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བཞུགས་
མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ཡོངས་བསྒྲགས་འགྲེམས་སྤེལ་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་02ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་2017ལོའི་ཟླ་6ཚེས་23ཉིན་ཧྲན་ཤིས་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་དུ་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་ཚེས་31ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས་ཡོངས་བསྒྲགས་འགྲེམས་སྤེལ་བྱས་པ་རེད།
             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཙམ་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱིས་དབུལ་ཕོངས་དང་འཐབ་པའི་གྲུབ་འབྲས་གལ་ཆེན་དང་ཉམས་མྱོང་བཟང་པོར་ཕྱོགས་སྡོམ་དང་ཕྱིར་དྲན་གནང་བ་མ་ཟད། མིག་སྔའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་གནང་བ་དང་། ཤིན་ཏུ་དབུལ་པོ་ཆགས་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་གནང་བ། གནད་སྨིན་དབུལ་སྒྲོལ་གྱི་རྩ་བའི་མཛད་ཇུས་ཁ་གསལ་བཏོན་གནང་ཡོད་ལ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་བརྟག་ཐབས་སྨྲ་བ་དང་། འགག་རྩའི་གནས། ཚད་བརྒལ་དང་སྟངས་འཛིན་བྱེད་མཁོ་བ་བཅས་ཀྱི་གནད་དོན་གསལ་སྟོན་གནང་ཡོད། གསུང་བཤད་གལ་ཆེན་དེ་འགྲེམས་སྤེལ་བྱས་པ་འདིས་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱས་ནས་གོ་བ་ལེན་པ་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ལ་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
            ཟླ་9ཚེས་1ཉིན་དཔེ་སྐྲུན་བྱས་པའི་《བདེན་འཚོལ་》དུས་དེབ་འདོན་ཐེངས་17པའི་ཐོག་ཏུའང་གསུང་བཤད་གལ་ཆེན་དེ་བཀོད་ཡོད་པ་རེད།