མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།"འབད་འབུངས་སྟོབས་བརྩོན་གྱི་ལོ་ལྔ"ཡི་རིམ་སྤེལ་སྙན་ཞུའི་ཚོགས་འདུ་ཐེངས་བཞི་པ་པེ་
ཅིང་དུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་07ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན། སློབ་གསོ་པུའུ། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ། པེ་ཅིང་གྲོང་ཨུད་བཅས་ཀྱིས་པེ་ཅིང་དུ“འབད་འབུངས་སྟོབས་བརྩོན་གྱི་ལོ་ལྔ”ཡི་རིམ་སྤེལ་སྙན་ཞུའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཤིང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲང་དབྱིས་ཅུང“ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་གི་རླབས་ཆེའི་གྲུབ་འབྲས”ཞེས་པའི་ཆེད་དོན་སྙན་ཞུ་གནང་བར་གདན་དྲངས་པ་རེད།
          ཀྲང་དབྱིས་ཅུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་བྱུང་བ་དེ་ཐོག་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སུ་བཏང་བའི་དུས་རབས་ཀྱི་ཁྱད་ཆོས་འབུར་དུ་མངོན་པ་དང་། ཏང་གིས་སྤྱི་ཡོངས་ལ་སྟངས་འཛིན་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱས་པའི་འགོ་ཁྲིད་ཀྱི་སྲོག་ཤིང་གི་ནུས་པ་གང་ལེགས་མངོན་པ། ཚན་རིག་དང་མཐུན་པའི་སྒོ་ནས་སྲིད་སྐྱོང་བ་དང་། དམངས་གཙོའི་སྒོ་ནས་སྲིད་སྐྱོང་བ། ཁྲིམས་བཞིན་སྲིད་སྐྱོང་བ་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས་བྱེད་པའི་ཆོད་སེམས་དེ་བས་བརྟན་དུ་ཕྱིན་ཡོད། ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་དང་གཞི་རྩའི་ཆབ་སྲིད་ལམ་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུར་དམིགས་ཏེ་བྱ་ཐབས་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས་པ་ལས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་དུས་བསྟུན་མདུན་སྐྱོད་བྱུང་བ་དང་། ཏང་མང་མཉམ་ལས་ལམ་ལུགས་ཀྱི་ནུས་ཕྱོད་རྒྱུན་མཐུད་ངང་གོང་མཐོར་ཕྱིན་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་ཆད་མེད་པར་སྲ་བརྟན་བྱུང་བ། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལ་བརྟན་པོའི་ངང་སྐུལ་འདེད་ཐེབས་ཡོད། དེ་དང་ཆབས་ཅིག་སྲིད་འཛིན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གཤམ་སྤྲོད་དང་དོ་དམ་ཟུང་འབྲེལ། ཞབས་ཞུ་སྒྱུར་བཅོས་ལེགས་གཏོང་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་ནུས་ལྡན་འཕེལ་ཡོད་ཅེས་གསུངས་པ་རེད།
         ཀྲང་དབྱིས་ཅུང་གིས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ཀྱི་སྲོག་ཤིང་ལྟ་བུ་ཞིག་ཡིན། ཏང་ཀྲུང་དབྱང་གིས་རྩེ་རིམ་ཇུས་འགོད་ཀྱི་མཐོ་ཚད་ཐོག་ནས་གྲོས་མོལ་རྣམ་པའི་དམངས་གཙོ་འཕེལ་རྒྱས་གཏོང་ལམ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་བྱས་པ་དང་། གྲོས་མོལ་བྱེད་ཐབས་རིགས་7གཏན་འཁེལ་ཁ་གསལ་བྱས་པ། འདེམས་བསྐོ་དམངས་གཙོ་དང་གྲོས་མོལ་དམངས་གཙོ་ཟུང་འབྲེལ་དམ་ཟབ་བྱས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་ཀྱི་ལག་ལེན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་བཏང་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་ཕྱོགས་གལ་ཆེན་ཞིག་ཡིན་པའི་འཐབ་ཕྱོགས་གཅིག་གྱུར་གྱིས་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་། བློ་གྲོས་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ་བཅས་ཀྱི་ཐད་ཐུན་མོང་མིན་པའི་ལེགས་ཆ་འདོན་སྤེལ་གྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་སྟོབས་ཤུགས་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད།