མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྐབས་གཉིས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་
ཕྲུ་གུ་བུ་མོ་དང་བུད་མེད་ཀྱི་སློབ་གསོའི་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་07ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་གྱིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་དགུ་པ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གླེང་མོལ་ཚོགས་འདུའི་ཕྱི་ཕྱོགས་ཚོགས་པའི་ཚོགས་གཙོའི་སྐུ་ཟླ་དང་ལྷན་དུ་ཞ་མོན་སློབ་ཆེན་དུ་གཉེར་བའི་སྐབས་གཉིས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་། ཚན་རིག རིག་གནས་བཅས་རྩ་འཛུགས་ཀྱི་ཕྲུ་གུ་བུ་མོ་དང་བུད་མེད་ཀྱི་སློབ་གསོའི་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་པ་རེད།
         ལོ་རྒྱུས་ཡུན་རིང་ལྡན་པའི་ཞ་མོན་སློབ་ཆེན་ཅན་ནན་ཚོགས་ཁང་ཆེ་མོར་ཤིན་ཏུ་འཁྲུག་ཆ་དོད་པ་དང་ཕེང་ལི་ཡོན་དང་སྐུ་མགྲོན་ཚོ་ཚོགས་རའི་ནང་ཕེབས་མ་ཐག་ཚོགས་ར་ཡོངས་ཀྱི་དགེ་སློབ་ཆིག་སྟོང་ཙམ་གྱིས་ཡར་ལངས་ཏེ་དགའ་བསུ་ཞུས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་། ཚན་རིག རིག་གནས་བཅས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་པོ་ཁོ་ཝ་ཡིས་ཤིས་ཚིག་ནང་ཀྲུང་གོས་བུད་མེད་དང་བྱིས་པའི་སློབ་གསོའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། གཟི་བསོད་ལྡན་པ་ཞིག་ལ། ཀྲུང་གོར་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་ཤིང་། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་སྐུ་ཟླ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་། ཚན་རིག རིག་གནས་བཅས་རྩ་འཛུགས་ཕྲུ་གུ་བུ་མོ་དང་བུད་མེད་ཀྱི་སློབ་གསོར་སྐུལ་གཏོང་ཆེད་བསྐོས་ཕོ་ཉ་ཕེང་ལི་ཡོན་གྱིས་སྐུལ་འདེད་ཧུར་ཐག་བཏང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད། བརྗོད་དོན་གཙོ་བོའི་བརྙན་ཐུང་གཟིགས་པ་དང་འབྲེལ་ཀྲུང་གོ་སློབ་གསོ་པུའུ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བའི་ངོ་སྤྲོད་གསན་རྗེས་ཕེང་ལི་ཡོན་དང་པོ་ཁེ་ཝ་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་ཏེ་ཐེ་ལན་དང་། ཕེ་རུ། ལྷོ་ཨ་ཧྥེ་རི་ཁ་བཅས་ནས་ཡོང་བའི་བྱ་དགའ་ཐོབ་པའི་རྣམ་གྲངས་ཀྱི་འཐུས་མི་གསུམ་པོར་བྱ་དགའ་གནང་བ་རེད།
          ཞ་མོན་སློབ་ཆེན་གྱི་དགེ་སློབ་ཚོས་སྐུ་མགྲོན་ཚོར་ལྟད་མོ་ཆེ་བའི་གླུ་གར་《ཀྲུང་གོའི་ཕུགས་འདུན་མཛེས་ཤོས་》འཁྲབ་སྟོན་བྱས་ཏེ་འབད་འཐབ་ཆེན་པོས་བྱས་རྗེས་འཇོག་པ་དང་ཧུར་བརྩོན་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་དང་། ཕུགས་འདུན་དོན་གཉེར་དང་འཛམ་གླིང་མཉམ་སྤྲོའི་མཛེས་པའི་ཕུགས་འདུན་མཚོན་ཡོད། ཕེང་ལི་ཡོན་དང་སྐུ་མགྲོན་ཚོས་འཁྲབ་སྟོན་པ་ཆུང་ཆུང་ཚོ་ཁྲིད་དེ་གར་སྟེགས་ཐོག་ཕེབས་ནས་དྲན་རྟེན་པར་བསྐྱོན་པ་རེད། ཕེང་ལི་ཡོན་གྱིས་སློབ་གསོར་མཐོང་ཆེན་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་རེད། ང་ཚོས་རོགས་རམ་བྱེད་དགོས་པའི་བུད་མེད་དང་བྱིས་པ་ཚོར་རོགས་རམ་བྱས་ནས་ཁོང་ཚོར་ལས་དབང་ལ་འགྱུར་ལྡོག་གཏོང་བའི་གོ་སྐབས་དང་ནུས་པ་ལྡན་པ་བྱས་ཐོག་འཚོ་བ་དེ་བས་ལེགས་པ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་། ཚན་རིག རིག་གནས་བཅས་རྩ་འཛུགས་ཀྱིས་ཀྲུང་གོར་ད་ཐེངས་ཀྱི་བྱ་དགའ་སྤྲོད་པའི་བྱེད་སྒོ་སྤེལ་བ་ལས་ཀྲུང་གོ་ཕྱོགས་ཀྱི་མཐོང་ཆེན་དང་ཡིད་ཆེས་མངོན་ཡོད། འབོ་གསེར་རྒྱལ་ཁབ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ། འཛམ་གླིང་རྒྱལ་ཁབ་ཁག་བཅས་ཀྱིས་ལག་གདང་སྦྲེལ་ནས་འཛམ་གླིང་བུད་མེད་དང་བྱིས་པའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་དེ་བས་ཆེ་བ་འགྲོ་རྒྱུར་སྐུལ་འདེད་གཏོང་རེ་ཡོད་ཅེས་གསུངས་པ་རེད།