མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་07ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞ་མོན་དུ་ཀྲུང་གོར་འབོ་སེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་དགུ་པ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གླེང་མོལ་ཚོགས་འདུར་ཞུགས་མཁན་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་བ་རེད།
        ཞི་ཅིན་ཕིང་གིས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་པོས་ཕྱོགས་གཉིས་པོ་འཕེལ་རྒྱས་ཀྱི་གོ་སྐབས་ཡིན་པ་ལས་འཇིགས་སྐུལ་མ་ཡིན་པའི་གཞི་རྩའི་བརྡར་ཤ་གཅོད་རྒྱུ་མཐའ་འཁྱོངས་བྱེད་དགོས། རྒྱ་གར་ཕྱོགས་ཀྱིས་ཡང་དག་དང་ལུགས་མཐུན་གྱི་སྒོ་ནས་ཀྲུང་གོའི་འཕེལ་རྒྱས་ལ་ལྟ་སྟངས་འཛིན་རྒྱུའི་རེ་བ་ཡོད། ཞི་མཐུན་མཉམ་གནས་དང་མཉམ་ལས་གཉིས་ཕན་ཡོང་བ་བྱ་རྒྱུ་ནི་ཀྲུང་གོ་དང་རྒྱ་གར་གཉིས་ཀའི་ཡང་དག་པའི་གདམ་ག་འབའ་ཞིག་དེ་ཡིན་པ་འཛམ་གླིང་ལ་སྟོན་དགོས། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་ལྷིང་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས། ཀྲུང་གོ་དང་རྒྱ་གར་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐད་མཉམ་ལས་ཀྱི་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཕན་ཚུན་སྦྲེལ་མཐུད་སོགས་ཀྱི་ཁྱབ་ཁོངས་ནང་མཉམ་ལས་རྒྱ་ཆེར་བཏང་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་བསམ་འཆར་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཁག་དང་མཉམ་དུ་ཞ་མོན་ཞལ་འཛོམས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ཏེ་ཐུན་མོང་ཐོག་འབོ་གསེར་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་འདོད་ཡོད་ཅེས་གསུངས་པ་རེད།