མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ནེ་པ་ལའི་སྐུ་མགྲོན་ལ་མཇལ་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་08ཉིན། 15:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་7ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧའེ་ཙེ་ཀོང་ཚོམས་ཁང་དུ་ནེ་པ་ལའི་ཙུང་ལི་སྐུ་གཞོན་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་མཱ་ཧ་ལཱར་མཇལ་འཕྲད་གནང་བ་རེད།
           ལི་ཁེ་ཆང་གིས། ཀྲུང་ནེ་གཉིས་པོ་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། ཡུན་རིང་གི་མཛའ་འབྲེལ་ལྡན་པ་ཡིན། ཀྲུང་གོ་ཕྱོགས་ནས་ནེ་པ་ལའི་ཕྱོགས་ཁག་གིས་མུ་མཐུད་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས། ཆབ་སྲིད་ཀྱི་གྲོས་རིམ་བདེ་བླག་ཐོག ནེ་པ་ལ་རྒྱུན་རིང་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་གྱི་དུས་རིམ་གསར་པ་སྔ་ཙམ་འབྱེད་རེ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལ་ཕྱོགས་དང་ལྷན་དུ་མཐོ་རིམ་གྱི་འབྲེལ་བ་བྱེད་སྟངས་མུ་མཐུད་མཐའ་འཁྱོདངས་བྱས་ནས། རྒྱལ་ཁབ་གཉིས་པོའི་མཛའ་འབྲེལ་དང་མཉམ་ལས་དེ་ཕྱོགས་གཉིས་པོའི་བདག་དབང་དང་ཐུན་མོང་ཐོག་འཕེལ་རྒྱས་མུ་མཐུད་ཡོང་བར་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་ཕན་ཞིང་། ས་ཁུལ་བརྟན་ལྷིང་དང་དར་རྒྱས་ཡོང་བར་ཕན་པའི་བགྲོད་ལམ་དུ་མདུན་སྐྱོད་བྱེད་འདོད་ཡོད་ལུགས་བསྟན་པ་རེད། 
         ལེ་ཁེ་ཆང་གིས། ཀྲུང་གོ་ཕྱོགས་ནས། “རྒྱུད་གཅིག་ལམ་གཅིག”གི་གོ་སྐབས་དང་བསྟུན་ནས། ནེ་པ་ལ་ཕྱོགས་དང་ཕན་ཚུན་སྦྲེལ་མཐུད་དང་། ཉོ་འཚོང་གི་དངུལ་འཇོག་བྱེད་རྒྱ་ཆེ་རུ་བཏང་ནས། ཀྲུང་ནེ་བར་རང་མོས་ཉོ་འཚོང་གི་གྲོས་མཐུན་བཞག་ནས་མཉམ་ལས་བྱས་འཐུས་ཀྱི་ཞིབ་འཇུག་དང་ས་ཁོངས་ལས་བརྒལ་བའི་དཔལ་འབྱོར་མཉམ་ལས་ཁུལ་བཙུགས་ནས། ནུས་ཁུངས་གསར་སྤེལ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་པའི་ཁྱབ་ཁོངས་སུ་ཐོན་ནུས་མཉམ་ལས་བྱེད་པ་དང་། གནོད་འཚེ་བྱུང་རྗེས་ཀྱི་བསྐྱར་སྐྲུན་དང་། ཡུལ་སྐོར་སོགས་པའི་ཁྱབ་ཁོངས་སུ་མཉམ་ལས་བྱེད་འདོད་ཡོད་ཅེས་དང་། ཀྲུང་གོ་ཕྱོགས་ནས་ནེ་པ་ལའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་རོགས་རམ་གང་ཐུབ་བྱེད་འདོད་ཡོད་ལུགས་བསྟན་པ་རེད། 
           མཱ་ཧ་ལཱ་ཡིས། ནེ་ཀྲུང་དབར་གྱི་འབྲེལ་བ་ནི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་པོ་སྲུང་བའི་དཔེ་མཚོན་ཡིན་པས། ནེ་པ་ལ་ཕྱོགས་ནས་ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་ནས་བརྟན་པོར་འཛིན་པ་དང་ཀྲུང་གོ་ཕྱོགས་དང་མཐོ་རིམ་གྱི་འགྲོ་འོང་དང་། དངོས་དོན་གྱི་མཉམ་ལས་ཟབ་མོ་བྱས་ཏེ། གཉིས་ཕན་མཉམ་རྒྱལ་ཡོང་བར་བྱས་ཏེ། ལག་གདང་སྦྲེལ་ནས་ཀྲུང་ནེ་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་རྒྱུན་མ་ཆད་པར་མདུན་ཕྱོགས་སུ་སྐུལ་སྤེལ་བྱེད་འདོད་ཡོད་ལུགས་བསྟན་པ་རེད།