མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིང་ལས་པུས་ལོ་ཏོག་རེས་འདེབས་དང་རྨོ་ཞིང་དབྱར་མར་བཞག་ནས་ཞིང་ལས་ཀྱི་གྲུབ་ཆ་
ལེགས་སྒྲིག་དང་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་ནུས་ལྡན་བཏང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་12ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱིས་ལོ་ཏོག་རེས་འདེབས་དང་རྨོ་ཞིང་དབྱར་མར་འཇོག་པའི་ལམ་ལུགས་ཀྱི་ཚོད་ལྟའི་ལས་དོན་སྤེལ་ཚུན། འབྲུ་སྲན་རེས་འདེབས་དང་ལྕི་བའི་ལྕགས་རིགས་ཀྱི་སྦགས་བཙོག་བཅོས་སྒྲིག་སོགས་ལ་སྐུལ་འདེད་བཏང་བར་བརྟེན་འདེབས་འཛུགས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ཞིང་ལས་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་ཐེབས་ཡོད་པ་རེད།
        ཞིང་ལས་པུས་ཚེས་8ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཞིང་ལས་པུའུ་ཡི་འདེབས་འཛུགས་ལས་རིགས་དོ་དམ་སིའི་སི་ཀྲང་ཙང་ཡན་ཏེས་འདི་ལོ་ནི་རང་རྒྱལ་གྱིས་ལོ་ཏོག་འདེབས་རེས་དང་རྨོ་ཞིང་དབྱར་མར་འཇོག་པའི་ལམ་ལུགས་ཚོད་ལྟའི་ལས་དོན་སྤེལ་བའི་ལོ་གཉིས་པ་དེ་ཡིན་པ་དང་ལོ་ཏོག་རེས་འདེབས་དང་རྨོ་ཞིང་དབྱར་མར་འཇོག་པའི་ཚོད་ལྟའི་རྒྱ་ཁྱོན་མུའུ་ཁྲི་1200ཟིན་པ་དེ་ན་ནིང་ལས་མུའུ་ཁྲི་584འཕར་བ་དང་ཧེ་ལུང་ཅང་དང་། ཧོ་པེ། ཧུའུ་ནན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་9ཡི་རྫོང་གྲོང་192ལ་ཚོད་ལྟ་བྱས་ཡོད་ཅེས་བརྗོད།
        ལོ་ཏོག་རེས་འདེབས་ཁུལ་དུ“གཙོ་བོ་གཅིག”དང“གཞོགས་འདེགས་མང་པོ”ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ཅིང་། “གཙོ་བོ་གཅིག”ནི་མ་རྨོས་ལོ་ཏོག་དང་སྲན་ཆེན་རེས་འདེབས་བྱ་རྒྱུ་གཙོ་བོར་བཟུང་ཡོད་པ་དང་། “གཞོགས་འདེགས་མང་བ”ནི་མ་རྨོས་ལོ་ཏོག་དང་། ཞོག་ཁོག འབྲུ་སྲན། པད་ཁ། སྔོ་ཚལ་དང་གཟན་རྩྭ་སོགས་ལོ་ཏོག་འདེབས་འཛུགས་བྱ་རྒྱུ་དེ་རེད།
        2016ལོར་རྒྱལ་ཡོངས་ཀྱི་མ་རྨོས་ལོ་ཏོག་གི་རྒྱ་ཁྱོན་མུའུ་ཁྲི་3000ལྷག་ཙམ་ཉུང་དུ་ཕྱིན་པ་དང་སྲན་ཆེན་མུའུ་ཁྲི་1000ལྷག་ཙམ་འཕར་ཡོད། 2017ལོར་མ་རྨོས་ལོ་ཏོག་གི་རྒྱ་ཁྱོན་མུའུ་ཁྲི་2000ཡན་ཉུང་དུ་ཕྱིན་པར་བརྟེན་མ་རྨོས་ལོ་ཏོག་བཀར་འཇུག་གི་གནོན་ཤུགས་ཞི་ལྷོད་དུ་ཕྱིན་ཡོད། ལོ་ཏོག་རེས་འདེབས་བྱས་པར་བརྟེན་ས་རྒྱུ་ལེགས་སུ་ཕྱིན་པ་དང་རྨོ་ཞིང་གི་ཐོན་སྐྱེད་ཆུ་ཚད་མཐོ་རུ་ཕྱིན་ཡོད།