མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།"འབད་བརྩོན་བྱེད་དགོས་པ་བརྒྱད"ལག་ལེན་བསྟར་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་
ཀན་སུའུ་གསར་པ་སྐྲུན་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་14ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིན་ཏུའོ།

ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིན་ཏུའོ།

          ཀན་སུའུ་ནི་སྐམ་སའི་དབུས་ཁུལ་གྱི་འཕེལ་རྒྱས་འགྲོ་འགོར་བའི་ཞིང་ཆེན་ཞིག་ཡིན་པ་དང་འཐབ་ཇུས་གནས་བབ་གལ་ཆེ་ལ་ཐོན་ཁུངས་བལྟོས་བཅས་ཀྱིས་འབེལ་པོ་ཡོད་མོད། འོན་ཀྱང་དཔལ་འབྱོར་འཕེལ་རྒྱས་རྗེས་སུ་ལུས་པ་དང་། སྣོད་བཅུད་ཁོར་ཡུག་ཞན་པ། དབུལ་ཕོངས་ཀྱི་གནད་དོན་མངོན་གསལ་དོད་པ། འཕེལ་རྒྱས་ཀྱི་ལེགས་ཆ་དང་ཞན་ཆ་ཅུང་མངོན་གསལ་དོད་པ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་དཀའ་ངལ་ཡང་ཆེ་ཙམ་ཡོད་པ་བཅས་རེད། 2013ལོའི་ཟླ་2པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་གཟིགས་ཞིབ་གནང་སྐབས་གསུང་བཤད་གལ་ཆེན་གནང་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་སུའུ་གསར་པ་མགྱོགས་མྱུར་བསྐྲུན་ཏེ་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འབད་འཐབ་དམིགས་ཚད་བཏོན་གནང་བ་དང་འབྲེལ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་ཧུར་ཐག་གཏོང་བ་དང་། ཚན་རྩལ་ཡར་ཐོན་དང་གསར་གཏོད་ལ་སྐུལ་འདེད། དེང་དུས་ཞིང་ལས་འཕེལ་རྒྱས། དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན། ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་གཏོང་བ་སོགས་ཕྱོགས་བརྒྱད་ཐད་ནས་མཛུབ་སྟོན་གལ་ཆེན་གནང་བ་རེད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངེད་ཚོར་ཆབ་སྲིད་ཀྱི་བཀའ་མངག་དང་བླང་བྱ་བཏོན་གནང་བ་ཞིག་ཡིན་པས་བསམ་བློའི་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཤུགས་ཆེན་ལྡན་ལ་ཀན་སུའུ་ཡི་འཕེལ་རྒྱས་ཆེད་འབད་འབུངས་ཀྱི་ཁ་ཕྱོགས་གསལ་སྟོན་ཡང་གནང་བ་དང་ལག་ལེན་གྱི་ཐབས་ལམ་གཏན་འཁེལ་བྱས་པ་རེད།
         ད་ཕན་ལོ་ཤས་རིང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“འབད་བརྩོན་བྱེད་དགོས་པ་བརྒྱད”ཀྱི་མཛུབ་སྟོན་དགོངས་པ་གལ་ཆེན་གྱི་མཛུབ་ཁྲིད་ཁ་ཕྱོགས་སུ་མདུན་སྐྱོད་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འབད་འབུངས་ཆེན་པོ་བྱེད་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་བཅས་བྱས་པས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཏང་འཛུགས་སྐྱོང་ཐད་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པ་རེད།
        ཕྱོགས་ཡོངས་ནས་འབྱོར་འབྲིང་སྐྲུན་པའི་དམིགས་ཚད་གཞིར་བཟུང་རེས་སྐོར་གསར་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ།
        ཀན་སུའུ་རུ་མི་འབོར་དབུལ་པོ་མང་བ་དང་། རྒྱ་ཁྱོན་ཆེ་བ། ཤིན་ཏུ་དབུལ་བ་བཅས་ཡིན་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དཀའ་གནད་དང་གཙོ་གནད་ཚང་མ་ས་ཁུལ་དབུལ་པོར་གནས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་ཞིབ་གནང་སྐབས“དམིགས་བསལ་དཀའ་ངལ་ཡོད་པའི་ཡུག་སྦྲེལ་ས་ཁུལ་གྱི་ཏང་ཨུད་དང་སྲིད་གཞུང་གིས་ལས་ཀའི་གཙོ་གནད་དབུལ་སྐྱོར་གསར་སྤེལ་ལ་འཇོག་དགོས”ཞེས་ནན་བཤད་གནང་ཡོད། ང་ཚོས་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་དོན་ཆེན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དབུལ་སྐྱོར་ཚད་གཞི་གཞིར་བཟུང་། གནད་སྨིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཕར་ཆིན་རྒྱག་པའི་སྙིང་རུས་སྤྱད་ནས“ཁག་གཅིག་བྱས་པ་ལྔ”དོན་འཁྱོལ་བྱེད་པར་དམིགས་ཏེ་སྲིད་ཇུས་ཀྱི་ཐབས་མང་མཉམ་སྤྱོད་བྱས་པས་མི་འབོར་དབུལ་པོ་2011ལོའི་ལོ་མཇུག་གི་ཁྲི་842.2ནས་ན་ནིང་ལོ་མཇུག་གི་ཁྲི་227བར་ཉུང་དུ་ཕྱིན་པ་དང་དབུལ་པོ་ཐོན་ཚད་40.5%ནས་10.9%བར་ཉུང་དུ་སོང་ཡོད།
        སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ཤུགས་ཆེན་བཏང་བས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་ཕྱིན་པ།
        ད་ཕན་ལོ་ཤས་རིང་། ང་ཚོས་ནང་ངོས་ཀྱི་སྟོབས་ཤུགས་འཕེལ་བར་བྱེད་པ་དང་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ལ་བརྟེན་རྒྱུ་ཟུང་འབྲེལ་བྱས་ཏེ་སྒྱུར་བཅོས་ལ་བརྟེན་ནས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་ལ་སྣེ་ཁྲིད་བྱས་པས་སྒྱུར་བཅོས་སྒོ་དབྱེའི་ཐད་གོམ་སྟབས་གསར་པ་སྤོས་ཡོད། ང་ཚོས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་འཕེལ་རིམ་མགྱོགས་སུ་གཏོང་བར་དམིགས་པས་རིམ་རྩིས་བརྒྱབ་ན་ཞིབ་ཕྲའི་སྒྱུར་བཅོས་ལས་འགན་ཁག་930ལེགས་གྲུབ་ཟིན་པ་རེད། སྲིད་འཛིན་ཞིབ་མཆན་འགོད་པའི་དོན་ཚན་ཁག་1121ལེགས་སྒྲིག་དང་གཤམ་སྤྲོད་བྱས་པར་ཆག་ཚད་64.1%ཟིན་པ་དང་། ཚོང་དོན་ལམ་ལུགས་སྒྱུར་བཅོས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་ཁྲོམ་རའི་བྱེད་པོའི་སྤྱི་འབོར་ལྡབ་གཅིག་ཙམ་འཕར་བ། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་དང་སྤྱི་དབང་མིན་པའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ནས་ཞིང་ཆེན་ཁོངས་གཏོགས་ཀྱི་ལྟ་སྐུལ་དོ་དམ་གྱི་ཁེ་ལས་ཚོགས་པ་རིམ་པའི་ཀུང་སིའི་ལམ་ལུགས་སྒྱུར་བཅོས་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་དང་སྤྱི་དབང་མིན་པའི་དཔལ་འབྱོར་གྱིས་རྒྱལ་དམངས་དཔལ་འབྱོར་གྱི་བསྡུར་ཚད་47.6%བཟུང་བ་བཅས་རེད། ཞིང་འབྲེལ་གྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་དང་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ལེགས་ཆ་འདོན་སྤེལ་བྱས་ཏེ་ཁྱད་ལྡན་སྨན་བཅོས་ལམ་ལུགས་སྒྱུར་བཅོས་སོགས་ཀྱི་སྒྱུར་བཅོས་ཉམས་མྱོང་ལ་ཀྲུང་དབྱང་རིམ་པའི་ཁས་ལེན་ཐོབ་པ་དང་ཁྱབ་གདལ་བཏང་བ་རེད།
        དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་ནས་མི་དམངས་མང་ཚོགས་ཀྱི་བདེ་རྩ་ཆེ་རུ་གཏོང་བ།
        ལོ་ལྔའི་རིང་། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་དམངས་འཚོའི་ཐད་ཀྱི་གཏོང་སྒོས་ལོ་ལྟར་གྱི་75%ཙམ་བཟུང་བ་དང་། རིམ་རྩིས་བརྒྱབ་ན་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བྱེད་ཚད་མི་ཁྲི་210མང་དུ་སོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ལོའི་ཡོང་འབབ་ཆ་སྙོམས་10.3%དང་12 %སོ་སོར་འཕར་བ་བཅས་དང་། སློབ་ཞུགས་གོང་གི་ལོ་གསུམ་གྱི་ན་འདྲེས་སློབ་མ་སློབ་ཞུགས་བྱེད་ཚད་དང་། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད། མཐོ་རིམ་དུས་མཚམས་ཀྱི་ན་འདྲེས་སློབ་མ་སློབ་ཞུགས་བྱེད་ཚད་བཅས་90%དང་། 94% 93%བཅས་སོ་སོ་ཟིན་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་མ་འཚོག་གོང་དང་བསྡུར་ན་བརྒྱ་ཆའི་གྲངས་48 དང་། 11.2 18བཅས་སོ་སོར་མཐོ་རུ་སོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་དང་། གཞི་རྩའི་སྨན་བཅོས། ནད་ཆེན་འགན་བཅོལ་སོགས་ཡོངས་ཁྱབ་བྱུང་བ་དང་། འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་གོམ་སྟབས་མགྱོགས་སུ་ཕྱིན་པ། རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་སོགས་སྦགས་བཙོག་འབྱུང་ཁུངས་འགོག་བཅོས་བྱ་སྤྱོད་ཀྱི་འཕེལ་རིམ་མངོན་གསལ་དོད་པ་དང་རླུང་ཁམས་ཆེ་མོའི་སྦགས་བཙོག་བཅོས་སྐྱོང་བྱེད་པའི“ལན་ཀྲོའུ་ཡི་ཉམས་མྱོང”རྒྱལ་ཁབ་ཀྱིས་ཁྱབ་གདལ་བཏང་བ་བཅས་རེད།
        བསླབ་བྱ་གཏིང་ཟབ་བླངས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་པ།
        འདི་ལོ་ནས་བཟུང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་ཆེད་དོན་ལྟ་ཞིབ་ཀྱི་བརྡ་ལན་བསམ་འཆར་ལག་བསྟར་ནན་ཏན་བྱས་ཏེ་མདོ་ལ་རིང་མོའི་སྣོད་བཅུད་ཁོར་ཡུག་གཏོར་བཤིག་ཐེབས་པའི་བསླབ་བྱར་བསམ་གཞིག་ནན་ཏན་བྱས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ལག་ལེན་བསྟར་ཏེ་འགག་རྩར་ཐུག་དུས་འཕྲལ་ཐག་གཅོད་པའི་ཆོད་སེམས་ལ་བརྟེན་ནས་རང་བྱུང་སྣོད་བཅུད་བཅོས་སྒྲིག་དང་སླར་གསོ་བྱས་ཡོད། མིག་སྔར། མདོ་ལ་རིང་མོའི་རང་བྱུང་སྲུང་སྐྱོང་ཁུལ་ནང་གི་འབྲེལ་ཡོད་གཏེར་ལས་དབང་ཆ་དང་། ཆུ་ཤུགས་གློག་ཁང་། ཡུལ་སྐོར་སོགས་རྣམ་གྲངས་ཚང་མ་ཕྱོགས་ཡོངས་ནས་ཐོན་སྐྱེད་བྱེད་མཚམས་བཞག་པ་དང་། གཏོར་བཤིག་ཐེབས་པའི་སྔོ་ཁེབས་ཉམས་གསོ་བྱེད་བཞིན་ཡོད་པ་དང་། ཆུ་ཤུགས་གློག་ཁང་ཁག་གིས་གཏན་འབེབས་ལྟར་གློག་གཏོང་གི་ཡོད་པ་རེད།
        ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་ནས་ཆབ་སྲིད་ཁོར་ཡུག་གཙང་སེལ་དང་སླར་གསོ་བྱེད་པ།
        འདི་ལོ་ནས་བཟུང་། ང་ཚོས་ཀྲུང་དབྱང་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”བརྡ་ལན་གནད་དོན་དག་ཐེར་བྱ་རྒྱུ་་གནས་བབ་གལ་ཆེན་ལ་བཞག་ནས་སྒྲིག་འགལ་དང་རུལ་སུངས་ཀྱི་གྱོད་གཞི་ཐོན་སླ་བ་དང་ཐོན་མང་བ་དང་ལྷག་པར་དུ་མཐོ་རིམ་འགོ་ཁྲིད་ལས་བྱེད་པ་ཉུང་ཤས་ཤིག་གི་སྒྲིག་འགལ་ཚབས་ཆེན་བྱེད་པའི་བསླབ་བྱ་ནན་ཏན་ངང་བླངས་ཏེ་ཆབ་སྲིད་ཁོར་ཡུག་གཙང་སེལ་དང་སླར་གསོ་བྱ་རྒྱུ་གཙོ་གནད་དུ་བརྩིས་ནས་ཁྱབ་ཁོངས་ཁག་གི་ཏང་འཛུགས་སྐྱོང་ལ་སྤྱི་འདོམས་དམ་འཛིན་བྱས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་དང་ཏང་ནང་ཁུལ་དུ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རུལ་སུངས་ལ་བཟོད་བསྲན་གཏན་ནས་མི་བྱེད་པའི་སྒོ་ནས་ཆད་གཅོད་བྱེད་པ་དང་། ཏང་ལ་དོ་དམ་དང་ཏང་སྐྱོང་རྒྱུ་དེ་ལྷུག་ལྷོད་འཇམ་གསུམ་ནས་དམ་ནན་བཙན་གསུམ་དུ་སྒྱུར་རྒྱུར་སྐུལ་འདེད་བཏང་སྟེ་སྒྱུར་འཕེལ་བརྟན་གསུམ་ཆེད་སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་འགན་ལེན་ཧུར་ཐག་བྱས་ཡོད། ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིན་ཏུའོ་ཡིས།